འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་14ཉིན།

༄༅།།ཀྲུང་གོས་སོ་མ་ལིར་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་མོ་ཀ་ཏི་ཧྲར་འབྱོར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་14ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གོ་སྲིད་གཞུང་གིས་སོ་མ་ལིར་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཚེས་11ཉིན་སོ་མ་ལིའི་རྒྱལ་ས་མོ་ཀ་ཏི་ཧྲ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད། སོ་མ་ལིའི་འཕྲོད་བསྟེན་པུའི་པུའུ་ཀྲང་ནུར་དང་། གསར་འགྱུར་པུའི་པུའུ་ཀྲང་ཏུའུ་པི། སོ་མ་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆིན་ཅན་བཅས་དང་དེ་བཞིན་ལས་རིགས་ཁག་གི་མི་སྣ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་ཡོད།
   རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག་ནུར་ཡིས་སོ་མ་ལི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོ་སྲིད་གཞུང་གིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་ཀྲུང་གོ་ནི་སོ་མ་ལིར་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱེད་མཁན་རྒྱལ་ཁབ་དང་པོ་དེ་ཡིན། རིམས་འགོག་སྨན་ཁབ་འབྱོར་བ་དེས་རིམས་འགོག་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་མ་ཟད། རིམས་ནད་ལས་རྣམ་པར་རྒྱལ་བའི་མི་དམངས་ཀྱི་ཡིད་ཆེས་ཆེ་རུ་འགྲོ་ངེས་རེད། སོ་མ་ལི་སྲིད་གཞུང་གིས་ཀྲོའུ་ཁག་དང་ས་ཁུལ་ཁག་ལ་རིམས་འགོག་སྨན་ཁབ་གང་མགྱོགས་སྤྲད་དེ་དམངས་ཚོགས་སྒྲིག་འཛུགས་བྱས་ནས་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ཡིན་ཞེས་བརྗོད།