འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་14ཉིན།

༄༅།།ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཕེལ་ཕྱོགས་ཆེན་པོ་སྔར་བས་ཁོང་དུ་ཆུད་པར་བྱེད་དགོས།

—— ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་14ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག ཏང་ཡོངས་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བློ་ལ་བཅངས་ཏེ། ལོ་རྒྱུས་ཆེན་པོའི་ལྟ་བ་འཛུགས་དགོས་པའི་ཁར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དང་། དུས་རབས་ཀྱི་རླབས་རྒྱུན་ཆེན་པོ། གོ་ལ་ཧྲིལ་པོའི་འཕོ་འགྱུར་བཅས་ཀྱི་ཁྲོད་ནས་རིམ་འགྱུར་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་ལོ་རྒྱུས་ཀྱི་ཆོས་ཉིད་རྩད་ཞིབ་བྱས་ནས་ཁ་གཏད་གཅོག་པའི་འཐབ་ཇུས་ཀྱི་བཀོད་ཇུས་འདོན་དགོས་པ་དང་། ལས་ཀའི་མ་ལག་རང་བཞིན་དང་། སྔོན་མཐོང་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་གཏོང་རྒྱུའི་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བར་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཕེལ་ཕྱོགས་ཆེན་པོ་སྔར་བས་ཁོང་དུ་ཆུད་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་འགུལ་རང་བཞིན་ཁོང་དུ་ཆུད་པར་བྱེད་དགོས།
    ལོ་རྒྱུས་ཤེས་ན་གཞི་ནས་རྒྱང་རིང་མཐོང་ཐུབ་པ་དང་ལོ་རྒྱུས་ཤེས་ན་གཞི་ནས་རྒྱང་རིང་དུ་སྐྱོད་ཐུབ། ལོ་ངོ་བརྒྱ་ཡི་འབད་འཐབ་བྱེད་རིང་། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པར་བརྟེན་ནས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་དབྱེ་ཞིབ་དང་ཁོང་དུ་ཆུད་པར་བྱས་པ་དང་ཆབས་ཅིག ཀྲུང་གོ་དང་འཛམ་གླིང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ལོ་རྒྱུས་ཀྱི་གོ་སྐབས་སྣ་ཚོགས་དམ་འཛིན་དང་སྤྱོད་མཁས་པོ་བྱས་ཡོད། རང་རེའི་ཏང་དབུ་བརྙེས་པ་ནི་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པའི་འབྲས་བུ་ཞིག་ཡིན། ཟླ་བ་བཅུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དང་སྤྱི་ཚོགས་རིང་ལུགས་དར་རྒྱས་བྱུང་བ་ནི་སྐབས་དེའི་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་ཞིག་རེད། རང་རེའི་ཏང་ནི་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་འདིའི་ཁྲོད་ནས་ཐོན་ཏེ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད། རི་འགོག་དམག་འཁྲུག་སྐབས་རང་རེའི་ཏང་གིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་རྒྱལ་སྐྱོབ་ཀྱི་འདུན་པ་ཆེན་པོའི་འཕེལ་ཕྱོགས་ནས་འགོ་བཙུགས་ཏེ། རི་འགོག་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་ལ་སྐུལ་འདེད་བཏང་བ་མ་ཟད། མཐར་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རི་འགོག་དམག་འཁྲུག་གི་རླབས་ཆེན་རྒྱལ་ཁ་བླངས་ཡོད། སྒྱུར་བཅོས་སྒོ་དབྱེའི་ཐབས་ཇུས་གལ་ཆེན་བཏོན་པ་དེའང་རང་རེའི་ཏང་གིས་དུས་རབས་ཀྱི་རླབས་རྒྱུན་མཐིལ་རྟོགས་གཏིང་ཟབ་བྱས་པ་ལས་བྱུང་བ་ཞིག་རེད། སྐབས་དེར་འཛམ་གླིང་གི་དཔལ་འབྱོར་དང་ཚན་རྩལ་འཕེལ་རྒྱས་མྱུར་པོ་སོང་བར་བརྟེན་རང་རྒྱལ་གྱི་འཕེལ་རྒྱས་དང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དབར་གྱི་ཧེ་བག་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རང་རེའི་ཏང་གིས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་བཅད་པ་དང་། སེམས་ཐག་གཙང་བཅད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ལྟེ་བ་སྤོ་སྒྱུར་བྱས་ཏེ་ཞུམ་མེད་མདུན་སྐྱོད་ཀྱིས་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་ཡོལ་བ་ཆེན་པོ་ཕྱེ་ཡོད།
    དུས་རབས་གསར་པར་སླེབས་རྗེས་ང་ཚོས་དཔལ་འབྱོར་གོ་ལ་ཅན་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་ཐུབ་པའི་བརྩོན་ལེན་ཧུར་ཐག་བྱས་ཏེ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གནམ་ས་གསར་པ་བཏོད་པ་དང་། ང་ཚོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འཕེལ་རྒྱས་མགྱོགས་སུ་འགྲོ་བ་དང་། འཛམ་གླིང་གི་སྟོབས་ཤུགས་ཀྱི་བསྡུར་ཚད་དེ་ཐུན་མོང་འཕེལ་རྒྱས་ལ་ཕན་པའི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ལམ་སྲོལ་གསར་བསྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་སྒྲིག་གཞིའི་ཁྲོད་ཀྱི་རང་རྒྱལ་ཚུད་པའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་མཚོན་བྱེད་རང་བཞིན་དང་གཏམ་བཤད་སྤེལ་དབང་ཆེ་རུ་བཏང་ཡོད། དེ་དག་ཚང་མ་ནི་ང་ཚོས་བབ་བསྟུན་སྣེ་ཁྲིད་དང་བབ་བསྟུན་ལས་སྒྲུབ་བྱས་པ་ལས་བྱུང་བ་ཞིག་ཡིན།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། “སྒྱུར་བཅོས་བྱེད་མཚམས་མི་འཇོག་པ་དང་སྒོ་མོ་དབྱེ་མཚམས་མི་འཇོག་པའི”འབོད་སྐུལ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ནས“འབྱོར་འབྲིང་ཡིན་མིན་གྱི་འགག་རྩ་ཡུལ་མི་སྤུན་ཟླར་ལྟ་དགོས”ཞེས་པ་བཏོན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པའི་བར་དང་། “རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ནི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་དང་འཕེལ་རྒྱས་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་ཟླར་གྱུར་ཡོད”ཅེས་པར་བརྡར་ཤ་ཡང་དག་གཅོད་པ་དང་། འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་འཕེལ་རྒྱས་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་པ་ནས“རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་བསྒྱུར་བ”དང་། འཕེལ་རྒྱས་ཀྱི་སྤུས་ཚད་གནད་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་བར། “སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ”ནན་བཤད་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་དང་། འཕོ་འགྱུར་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ལ་སྐུལ་འདེད་གཏོང་བ་ནས“ལོ་རྒྱུས་ཀྱི་ཡང་དག་པའི་ཁ་ཕྱོགས་སུ་ལངས་དགོས་པ”ཁྱབ་བསྒྲགས་བྱེད་པ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་ལེན་བསྟར་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་བར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དེང་སྐབས་འཛམ་གླིང་དང་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་དང་། ལག་ལེན་གྱི་བླང་བྱ་དང་མི་དམངས་ཀྱི་རེ་འདུན་དང་བསྟུན་པ། འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་འདོན་པ། མཛད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་འདོན་པ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་འདོན་པ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ལོ་རྒྱུས་དང་ལག་ལེན་ལས། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་ལོ་རྒྱུས་ཀྱི་ཆོས་ཉིད་ལྟར་བྱ་བ་བསྒྲུབས་ཚེ་ང་ཚོ་གང་དུ་བསྐྱོད་ཀྱང་མི་རྒྱལ་བ་མེད་པ་ར་འཕྲོད་གང་ལེགས་བྱུང་ཡོད།
   ང་ཚོས་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་ནི། གྲུབ་འབྲས་ཁྲོད་ནས་སེམས་གསོ་འཚོལ་བའི་ཆེད་དུ་མིན་ལ། བྱས་རྗེས་འགོད་དེབ་ཐོག་འཁོད་ཆེད་དང་ད་ལྟ་འཕྲད་པའི་དཀའ་ངལ་དང་གནད་དོན་ལས་གཡོལ་ཆེད་ཁ་གཡར་ས་འཚོལ་བ་དེ་བས་ཀྱང་མིན་པར། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། གསར་འབྱེད་མདུན་སྐྱོད་ཀྱི་བློ་སྟོབས་དང་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ནི་ཏང་ཡོངས་ཀྱིས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་ལོ་རྒྱུས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཀྲུང་ཧྭ་མི་རིགས་ལ་བཞག་པའི་བྱས་རྗེས་རླབས་པོ་ཆེ་དང་རྩ་བའི་གྲུབ་འབྲས་ཤེས་རྟོགས་བྱེད་པ་དང་། དེང་རབས་ཀྲུང་གོའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་ངོས་འཛིན་གསལ་པོ་བྱེད་པ། ལོ་རྒྱུས་ཀྱི་རང་རྟོགས་ཇེ་ཆེར་གཏོང་བ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། དཀའ་སྡུག་དང་འོད་སྟོང་འབར་བའི་འདས་ཟིན་པའི་ལོ་ཟླ་དང་། ཉིན་རེ་བཞིན་རྣམ་པར་རྒྱལ་བའི་ད་ཆའི་ལོ་ཟླ། འོད་སྟོང་འབར་བའི་འབྱུང་འགྱུར་གྱི་ལོ་ཟླ་བཅས་གཅིག་ཏུ་བསྒྲིལ་ནས་ཟང་ཟིང་རྣམ་པའི་ཁྲོད་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་དང་། ཉེན་ཁ་དང་འགྲན་སློང་གི་མདུན་དུ་འབད་འབུངས་ཀྱི་བློ་སྟོབས་འཕེལ་བར་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་སྒུལ་ཤུགས་འཕེལ་བར་བྱེད་དགོས།
   འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ལོ་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར། འགོ་འཛུགས་པ་དང་གོམ་པ་སྤོ་བར་ཇུས་འགོད་དང་སྐུལ་འདེད་གཏོང་བའི་ལས་དོན་དང་ཟུང་འབྲེལ་དང་། དུས་བབ་གསར་པར་དམིགས་པ་དང་། གནས་ཚུལ་གསར་པ་ཁོང་དུ་ཆུད་པ། འགལ་ཟླ་གསར་པ་ཐག་གཅོད་བཅས་དང་ཟུང་འབྲེལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མ་འོངས་སྔོན་མཐོང་གི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཞིབ་འཇུག་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱེད་དགོས། ཏང་གི་ལོ་རྒྱུས་ཉམས་མྱོང་བེད་སྤྱོད་ཡག་པོ་བྱེད་པ་དང་། ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཉམས་ཉེན་ཁྲོད་སྔོན་ལ་གོ་སྐབས་ཐོབ་པ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཚེ། གཞི་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་སྟབས་ཡག་པོ་སྤོ་ཐུབ།
   ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ་ལོ་རྒྱུས་སྦྱངས་ནས་གནས་ལུགས་རྟོགས་པ་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱས་ཚེ། ང་ཚོས་དཀའ་ངལ་ཁྱད་བསད་དང་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་ཐུབ་པ་མ་ཟད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁའང་ལེན་ཐུབ།