འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་14ཉིན།

༄༅།།2021ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་རིག་གནས་ཤུལ་བཞག་བྱེད་
སྒོའི་བརྗོད་དོན་གཙོ་བོ་གཏན་འཁེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་14ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རིག་གནས་དང་ཡུལ་སྐོར་པུའུ་གཞུང་དོན་ཐིང་གིས《“2021ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་་མི་དམངས་མང་ཚོགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་གཏོད་ཆེད། རིག་གནས་དང་ཡུལ་སྐོར་པུས་འདི་ལོའི་ཟླ་6ཚེས་12ཉིན་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”སྔ་རྗེས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་རྒྱུའི་ཐག་བཅད་པ་རེད།
   《བརྡ་ཐོའི》ནང་། འདི་ལོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“མི་དམངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མི་དམངས་ཀྱིས་མཉམ་སྤྱོད་བྱེད”ཅེས་པ་དེ་ཡིན་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་སྤེལ་རྒྱུ་ཡིན་པས་དེ་ཐོག་ནས་མངོན་མིན་རིག་གནས་ཤུལ་བཞག་དེ་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་སྲུང་སྐྱོང་གི་འབྲས་བུ་མི་དམངས་ཀྱིས་མཉམ་དུ་སྤྱོད་པའི་འདུ་ཤེས་མངོན་ཡོད་པ་མ་ཟད། སྤྱི་ཚོགས་ཡོངས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་ཁྲོད་ཐུན་མོང་ཐོག་ཞུགས་པའི་རྣམ་པ་ཟབ་མོ་ཡང་མངོན་ཡོད། གཙོ་བོ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས》ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་ངོ་10འཁོར་མཚམས་སུ་མི་དམངས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་ཞུགས་བདེ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་འགྲེམས་སྟོན་ཉམས་ལེན་སོགས་ཀྱི་བྱེད་སྒོ་ཇུས་འགོད་བྱས་ནས་སྤེལ་ཏེ་ཏང་གིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་གནང་བའི་མཐོང་ཆེན་དང་ཐུགས་ཁུར་མཚོན་པར་བྱེད་དགོས། མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས་དང་མངོན་མིན་རིག་གནས་ཤུལ་བཞག་དང་འབྲེལ་བ་ཡོད་པའི་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་ཉེ་བའི་ལོ་ཤས་ནང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་གྲུབ་འབྲས་གལ་ཆེན་དང་ཕུལ་བྱུང་གི་ལག་ལེན་དྲིལ་བསྒྲགས་དང་འགྲེམས་སྟོན་བྱས་ཏེ་སྲུང་སྐྱོང་གི་ཉམས་མྱོང་དང་སྲུང་སྐྱོང་གི་བྱ་ཐབས་སྤེལ་རེས་བྱེད་དགོས་པའི་ནན་བཤད་བྱས་ཡོད།
   《བརྡ་ཐོའི》ནང་། ད་དུང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་དགོས་པ་གསལ་པོར་བཏོན་ཡོད།