འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་14ཉིན།

༄༅།།ལྗར་པན་གྱིས་དངོས་གནས་དེ་འདྲ་བྱེད་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་13ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཚེས་13ཉིན་གྱི་སྔ་དྲོ། ལྗར་པན་སྲིད་གཞུང་གིས་རྒྱལ་སྲིད་གྲོས་ཚོགས་འཚོགས་ནས། ཐའོ་ཁེའོ་གློག་ཤུགས་ཀུང་སི་ཧྥུའུ་ཏའོ་ཉིང་རྡུལ་གློག་ཚུགས་དང་པོར་མཛོད་འཇུག་བྱས་པའི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོའི་ནང་དུ་འདྲེན་རྒྱུའི་ཐག་བཅད། ད་ལྟའི་བར་ཉིང་རྡུལ་དོན་རྐྱེན་གྱི་གནོད་འཚེ་ནས་སླར་གསོ་ཡང་དག་ཅིག་བྱུང་མེད་པའི་ཡུལ་མི་དང་ཉ་ལས་ཀྱི་འབྲེལ་ཡོད་མི་སྣས་བྱེད་ཐབས་འདི་ལས་ཤུགས་རྐྱེན་ངན་པ་བཟོ་ངེས་པར་སེམས་ཁྲལ་ཆེན་པོ་བྱས་ཡོད། 
    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ནང་དུ་མ་དྲངས་གོང་ལ་དུས་ཡུན་ལོ་གཉིས་རིང་སྒྲིག་ཆས་སྒྲིག་བཀོད་བྱེད་དགོས། ལྗར་པན་ཕྱོགས་ཀྱིས། ཉིང་རྡུལ་བཙོག་ཆུའི་ནང་མིག་སྔའི་ལག་རྩལ་གྱིས་གཙང་སེལ་བྱེད་མི་ཐུབ་པའི་འཕྲོ་ནུས་རང་བཞིན་གྱི་དངོས་པོ་“ཁྲོམ”ཞེས་པ་ཡོད་ཅིང་། དེ་ནི་མཚོ་ཆུས་སླ་བཟོས་བྱས་རྗེས་ཕྱིར་འབུད་རྒྱུ་ཡིན། གལ་ཏེ་ཉ་བ་རྣམས་ལ་གྱོང་གུན་བྱུང་ན། ཐའོ་ཁེའོ་གློག་ཤུགས་ཀུང་སིས་གསབ་དངུལ་འཇལ་རྒྱུ་ཡིན་པ་བརྗོད། 
   2011ལོའི་ཟླ་3ཚེས་11ཉིན། ལྗར་པན་བྱང་ཤར་རྒྱུད་ཀྱི་མཚོ་ཁོངས་སུ་ས་ཡོམ་དྲག་པོ་བྱུང་ནས་མཚོ་འཕྱུར་བ་རེད། ཐའོ་ཁེའོ་གློག་ཤུགས་ཀུང་སིས་གཉེར་སྐྱོང་བྱེད་པའི་ཧྥུའུ་ཏའོ་ཉིང་རྡུལ་གློག་ཚུགས་དང་པོ་རུ་གནོད་འཚེ་རང་བཞིན་གྱི་ཁྱབ་མཆེད་བྱུང་། ཉིང་རྡུལ་གས་འགྱུར་སྒྲིག་ཆས4ལ་རིམ་པ་མི་འདྲ་བའི་གཏོར་སྐྱོན་ཐེབས། ཐའོ་ཁེའོ་གློག་ཤུགས་ཀུང་སིའི་གྲངས་གཞི་ལས་མངོན་གསལ། ད་ལོའི་ཟླ་3པའི་བར། ཉིང་རྡུལ་གས་འགྱུར་སྒྲིག་ཆས་གྲང་བཟོར་སྤྱོད་པའི་བཙོག་ཆུ་ཏུན་ཁྲི་125ཟིན་ཡོད། མིག་སྔར། ཉིང་རྡུལ་བཙོག་ཆུ་ཡོངས་རྫོགས་ཉིང་རྡུལ་གློག་ཚུགས་ཀྱི་ཆུ་མཛོད་དུ་བླུག་ཡོད་ཅིང་། སྔོན་རྩིས་བྱས་ན་2022ལོའི་སྟོན་དུས་སུ་ཆུ་མཛོད་ཁེངས་རྒྱུ་རེད།