འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་12ཉིན།

༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་ཟླ་རྒོད་སྐྱེས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་12ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་ཟླ་རྒོད་སྐྱེས།
    ད་ལོར་དགུང་ལོ་76ཡིན་པའི་ཟླ་རྒོད་སྐྱེས་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་རྒྱ་སྟོད་གྲོང་ཚོ་ནས་རེད།
   ཁོང་གིས་རང་གི་བྱིས་དུས་ལ་གདེང་འཇོག་འདི་ལྟར་བྱས་པ་སྟེ། “བོད་རྙིང་བ་ནི་གདུག་རྩུབ་ཆེན་པོ་ཡོད་པ་རེད། ད་ལྟའི་མིས་དུད་འགྲོ་ལ་འཛིན་པའི་ལྟ་སྟངས་ཙམ་ཞིག་ཀྱང་དེ་དུས་མངའ་བདག་གིས་ཞིང་བྲན་ལ་འཛིན་མ་མྱོང་”ཅེས་བཤད།
དེ་དུས་ཟླ་རྒོད་སྐྱེས་དང་བཅས་པའི་བཟའ་མི་དྲུག་པོ་ཡུལ་དེའི་“གཞིས་ཀ”ཆེན་པོ་ཞིག་ཏུ་འཚོ་བ་སྐྱེལ་བ་དང་། མི་རབས་ནས་མི་རབས་ལ་ཁྲལ་པ་ཡིན་པ་རེད། “མངའ་བདག་ཚོའི་མིག་ནང་དུ། ཞིང་བྲན་དག་ནི་དུད་འགྲོ་ལྟ་བུ་ཡིན་ཞིང་། རྡུང་འདོད་དུས་རྡུང་ཆོག་པ་དང་། མིག་ལམ་དུ་མ་འོངས་ཚེ་མིག་འབྲས་འདོན་སྲིད་པ་རེད”ཅེས་ཟླ་རྒོད་སྐྱེས་ཀྱིས་བཤད།
   ལོ་ཞིག་གི་སྟོན་ཀར། ཞིང་བྲན་ཚོ་ཉིན་མཚན་མེད་པར་མངའ་བདག་གི་ནས་བརྔ་བསྡུ་བྱེད་བཞིན་ཡོད་པ་དང་། ལོ་8ལས་མེད་པའི་ཟླ་རྒོད་སྐྱེས་ཀྱིས་ཕྱག་མཛོད་ལ་ཇ་སྐོལ་གྱི་ཡོད་མོད། ཆུ་མ་འཁོལ་བའི་རྐྱེན་གྱིས་ཕྱག་མཛོད་ཀྱིས་རྡོ་ཞིག་བསྒྲུགས་ཏེ་ཟླ་རྒོད་སྐྱེས་ཀྱི་མགོ་བོར་འཕངས། སྐད་གཅིག་མར་ཟླ་རྒོད་སྐྱེས་ཀྱི་མགོ་བོ་ནས་ཁྲག་དམར་བཞུར་ནས་ས་ལ་འགྱེལ།
  1959ལོར། ཟླ་རྒོད་སྐྱེས་ཀྱི་ཁྱིམ་ཚང་ལ་ས་ཞིང་མུའུ་50དང་། ཟོག་1དང་རྟ་1 ལུག་15བཅས་བགོ་བཤའ་ཐོབ། “རང་ཉིད་ལ་ས་ཞིང་ཡོད་རྗེས། དཀའ་ལས་ཇི་ཙམ་ཆེ་རུང་སེམས་པ་སྐྱིད་པོ་འདུག ལོ་དེར་ང་ཚོ་གྲོད་ཁོག་འགྲངས་པ་མ་ཟད། ད་དུང་འབྲུ་རིགས་ལྷག་མ་དག་བཙོངས་པ་ཡིན། མི་བྱེད་པའི་དགའ་སྤྲོ་དངོས་སུ་ལོངས་སྤྱོད་ཐུབ་བྱུང་”ཞེས་ཟླ་རྒོད་སྐྱེས་ཀྱིས་བཤད།
  ཟླ་རྒོད་སྐྱེས་ནི་1972ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་མ་ཟད། རྒྱ་སྟོད་གྲོང་ཚོ་རུ་ལོ་30རིང་གྲོང་ཚོའི་ལས་བྱེད་པ་བྱས་ཡོད། “གུང་ཁྲན་ཏང་གིས་ང་ཚོར་བཅིངས་འགྲོལ་བཏང་མེད་ན། ང་ཕལ་ཆེར་ད་ལྟའི་བར་འཚོ་གནས་ཐུབ་རྒྱུ་མ་རེད། ཏང་ཡོན་ཞིག་བྱེད་ཐུབ་པ་ནི་ང་རང་ཚེ་འདིའི་ཆེས་གལ་ཆེ་བའི་དོན་ཞིག་ཡིན”ཞེས་ཟླ་རྒོད་སྐྱེས་ཀྱིས་བཤད།
   ད་ལོའི་དཔྱིད་རྨོས་སྐབས། ཟླ་རྒོད་སྐྱེས་རང་གིས་ཞིང་ལས་འཕྲུལ་ཆས་སྤྱོད་མི་ཐུབ་མོད། ཡིན་ནའང་། བགྲེས་སོང་ཁོང་ཞིང་ཁ་ནས་ཡར་འགྲོ་མར་འགྲོ་བྱས་ནས། ཁོད་སྙོམས་པོའི་ཞིང་ཁ་རེ་རེ་རྨོ་བཞིན་པར་མཐོང་དུས། “བོད་རྙིང་པར་ང་ཚོར་ས་ཞིང་འདིར་དགའ་བའི་སེམས་པ་མེད། ཡིན་ནའང་ད་ལྟར་ང་ཚོ་ས་ཞིང་འདིའི་བདག་པོར་གྱུར་ཡོད”ཅེས་ཟླ་རྒོད་སྐྱེས་ཀྱིས་བཤད་པ་རེད།
【1】  【2】  【3】
༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་ཟླ་རྒོད་སྐྱེས།