འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་12ཉིན།

༄༅།།ན་དུས་སྨན་བཅོས་ཐུབ་ནས་འཚོ་བ་དེ་བས་བདེ་སྐྱིད་ལྡན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་12ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། དབྱང་མིང་ཧྥང་དང་ཨར་ཏ་ཁེ།
   ཉོས་མ་ཐག་པའི་ལུག་ཤ་བསྲེགས་མ་དང་བག་ལེབ་ལག་ཏུ་འཁྱེར་བའི་ལོ་67ལ་སླེབས་པའི་མའེ་ཧཱ་སུའུ་ཐི·མའེ་མའེ་ཐིས་སྐས་ཀ་འཛེགས་ནས་སེམས་རྩ་འཁོལ་པོས“འགྲོ། ངའི་ཁྱིམ་དུ་འགྲོ”ཞེས་བརྗོད་ནས་གསར་འགོད་པ་ཁྱིམ་དུ་འཁྲིད།
   “སྔོན་མ་བཟའ་ཟླ་འཁར་རྒྱུག་བཙུགས་ཀྱང་གོམ་པ་ཡག་པོ་རྒྱག་མི་ཐུབ་ཙང་། ཉིན་གང་ནང་དུ་བསྡད་ནས་ཕྱིར་འགྲོ་གི་མི་འདུག ད་ཆ་རྐང་པ་ཡག་པོ་དྲག་འདུག་ལ། ནང་ལས་ཀྱང་བྱེད་ཐུབ་ཀྱི་འདུག”ཅེས་མའེ་ཧཱ་སུའུ་ཐིའི་བཟའ་ཟླ་རེ་པི་ཧན·ཁེ་ཏིར་གྱིས་གསར་འགོད་པར་སྣེ་ལེན་བྱེད་ཞོར་དུ་དེ་ལྟར་བཤད།
   “ཕི་ཧྲན་རྫོང་མི་དམངས་སྨན་ཁང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ང་ལ་གཤགས་བཅོས་གནང་མཁན་ཨན་ཧུའེ་ཤིན་སྐྱོར་སྨན་བཅོས་རུ་ཁག་གི་རུ་དཔོན་ཕི་ཧྲན་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཞུས་ཡན་གོ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་མའེ་ཧཱ་སུའུ་ཐིས་ད་གིན་ཉོས་པའི་ལུག་ཤ་བསྲེགས་མ་གསར་འགོད་པར་བཏང་ནས་བྲོ་བ་མྱངས་སུ་བཅུག
    མའེ་ཧཱ་སུའུ་ཐི་གཞོན་ནུའི་སྐབས་སུ་ལས་ཡུལ་ཞིག་ཏུ་ལས་ཀ་བྱས་མྱོང་ཡོད། 2001ལོར་པུས་མོར་ན་ཟུག་ཆེན་པོ་བཏང་ཡང་སྣང་བ་དེ་ཙམ་བཞག་མེད། ཁོང་གིས“ན་ཡང་སྨན་བཅོས་བྱས་མེད། ལོ་ཆུང་ཆུང་མིན་ཙང་། ཏོག་ཙམ་ན་ཡང་གནད་འགག་མེད་སྙམ་པ་དང་རྫོང་སྨན་ཁང་དུ་ཕྱིན་ཡང་ཡག་པོ་བཅོས་ཐུབ་ཀྱི་མ་རེད་སྙམ་ནས་བསྡད་པ་ཡིན”ཞེས་བཤད་བྱུང་།
   ཤིན་ཅང་ཧོ་ཐན་ས་ཁུལ་གྱི་ཕི་ཧྲན་རྫོང་ནི་སྔོན་མ་ཤིན་ཏུ་དབུལ་བའི་རྫོང་ཞིག་རེད་ལ། ཤིན་ཅང་ཡོངས་ཀྱི་ཁྲོད་ནས་དབུལ་སྒྲོལ་ཐུབ་པའི་རྫོང་མཐའ་མ་དེ་ཡང་རེད། དུས་ཡུན་རིང་པོའི་ནང་རང་བྱུང་ཆ་རྐྱེན་དང་འཚོ་བའི་གོམས་གཤིས་ཀྱི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་ཕི་ཧྲན་རྫོང་དུ་རུས་ཚིགས་ཀྱི་ནད་གཞི་ཕོག་མཁན་མང་ཚོགས་མང་པོ་ཡོད། ས་གནས་ཀྱི་སྨན་བཅོས་ཆ་རྐྱེན་དེ་ཙམ་ཡག་པོ་མེད་པས། ནད་པ་མང་པོ་ཞིག་ནད་གཞི་ཡག་པོ་བཅོས་མི་ཐུབ་པའི་རྐྱེན་གྱིས་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག་གི་གནས་ཚུལ་མངོན་གསལ་དོད་དུ་སོང་ཡོད།
   “སྔོན་མ། ནད་གཞི་ཆུང་ཆུང་ཕོག་ན་སྡུག་རུས་བྱེད་པ་དང་ནད་གཞི་ཆེན་པོ་ཕོག་ན་རྫོང་དུ་སྨན་བཅོས་བྱེད་པར་འགྲོ་གི་ཡོད། སྡུག་རུས་བྱེད་མི་ཐུབ་ན། སྤྱི་ལེ་200ཙམ་ཡོད་པའི་ཧོ་ཐན་གྲོང་ཁྱེར་དུ་བལྟ་བར་འགྲོ་ཡི་ཡོད་ལ། ཐ་ན་སྤྱི་ལེ་1600ལྷག་ཙམ་ཡོད་པའི་ཝུའུ་ལུའུ་མུའུ་ཆིར་ཡང་བལྟ་བར་འགྲོ་གི་ཡོད། དེ་ལྟར་དབང་གིས་འགྲོ་སོང་མང་པོ་འགྲོ་བ་མ་ཟད། སྨན་བཅོས་ཀྱི་གོ་སྐབས་ཡག་ཤོས་ཀྱང་ཤོར་གྱི་འདུག”ཅེས་མའེ་ཧཱ་སུའུ་ཐིས་བཤད་བྱུང་།
   ད་ཕན་ལོ་ཤས་རིང་། ཤིན་ཅང་གིས་བདེ་ཐང་དབུལ་སྐྱོར་འདུ་འགོད་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ཏེ“གཞི་རྩའི་སྨན་བཅོས་འགན་ལེན”ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཁ་གཏད་རོགས་སྐྱོར་བརྒྱུད་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་རོགས་རམ་བྱས་ཡོད། 2017ལོའི་ཟླ་དགུ་པར་ཨན་ཧུའེ་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པའི་ཕི་ཧྲན་རྫོང་མི་དམངས་སྨན་ཁང་གི་སྨན་ཁང་གསར་པ་སྤྱོད་འགོ་ཚུགས་པར་བརྟེན། ས་གནས་དེ་གའི་མང་ཚོགས་ཀྱི་ནད་ལྟ་སྨན་བཅོས་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། 2018ལོའི་ཟླ་ལྔ་པར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ“མངགས་བཅོལ་དོ་དམ་རྣམ་པའི”རོགས་རམ་ལ་བརྟེན་ནས་དོ་དམ་ཚོགས་པ་དང་རིགས་གཅིག་མཁས་ཅན་ཚོགས་པ་མངགས་ཏེ་ཕི་ཧྲན་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་དོ་དམ་ནུས་པ་ཆེ་རུ་བཏང་བ་དང་ཆབས་ཅིག་ཨན་ཧུའེ་ཞིང་ཆེན་ཤིན་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་ལ་བརྟེན་ནས་ནད་བལྟ་བ་དང་། སློབ་ཁྲིད། ཉལ་ཁང་ལ་ཞིབ་བཤེར། གཤགས་བཅོས་སོགས་བྱས་ཡོད།
   ས་གནས་ཀྱི་རྒྱུན་མཐོང་ནད་དང་ཐོན་མང་བའི་ནད་གཞི་ད་ཆ་རྫོང་སྨན་ཁང་གི་བཅོས་ཐུབ་པ་ཐོས་རྗེས། མའེ་ཧཱ་སུའུ་ཐིས་བལྟ་བར་འགྲོ་རྒྱུའི་བློ་ཐག་བཅད། བརྟག་དཔྱད་ཞིབ་ཚགས་བྱས་རྗེས་སྨན་པས་ཁོང་ལ་པུས་ཚིགས་བརྗེ་བའི་གཤགས་བཅོས་བྱེད་དགོས་ཞེས་བཤད།
   “སྔོན་ལ་རྐང་པ་གཅིག་གཤགས་བཅོས་བྱེད་རོགས”ཞེས་སྨན་པར་བཤད། མའེ་ཧཱ་སུའུ་ཐིའི་རྐང་པ་གཤགས་བཅོས་བྱས་པར་ཁྱོན་སྨན་རིན་སྒོར་ཁྲི་5.2ཐོབ་པའི་ནང་ནས་སྨན་རིན་རྩིས་ཞུ་བྱས་པ་ཕུད་རང་ཉིད་ཀྱིས་སྒོར་8000ལས་གཏོང་དགོས་བྱུང་མེད། “སྨན་པས་ང་ལ་ད་ཆ་གཤགས་བཅོས་ཀྱི་ལག་རྩལ་ཡག་པོ་ཡོད་པས། ཁྱེད་རང་སེམས་ཁྲལ་བྱེད་མི་དགོས་ཞེས་བཤད་བྱུང་། གཤགས་བཅོས་བྱས་རྗེས་ངའི་རྐང་པ་མགྱོགས་པོ་དྲག་སོང”ཞེས་བཤད་བྱུང་། ན་ནིང་ཟླ་དྲུག་པར་ཨན་ཧུའེ་ཞིང་ཆེན་གྱིས་མ་དངུལ་སྒོར་ཁྲི་100བཏང་བའི“ཨན་ཧུའེ་དང་ཤིན་ཅང་དབར་གྱི་བརྩེ་སེམས”ཞེས་པའི་བྱ་སྤྱོད་སྤེལ་བ་དང་ཕི་ཧྲན་རྫོང་གི་ཤང་དང་གྲོང་རྡལ་16གི་ལོ་50ནས་80བར་སླེབས་པའི་རྒན་རྒོན་ལ་གཟུགས་གཞི་བརྟག་དཔྱད་དང་། རྐང་པའི་པུས་ཚིགས་བརྗེ་བའི་བྱེད་སྒོ་སྤེལ་སྐབས་མའེ་ཧཱ་སུའུ་ཐིའི་རྐང་པ་གཞན་དེར་གཤགས་བཅོས་བྱས་པ་རེད། ད་ཐེངས་གཤགས་བཅོས་ལ་སྨན་རིན་ཕིང་གཅིག་རྐྱང་སྤྲོད་དགོས་བྱུང་མེད་པ་དང་སྨན་རིན་ཚང་མ་ཤིན་སྐྱོར་ཐེབས་རྩ་ནས་བཏང་ཡོད་པ་རེད།
   “ད་ཆ་ངའི་རྐང་པ་གཉིས་ཀ་ཡག་པོ་དྲག་ནས་གོམ་པ་སྤོ་སྐབས་ཀྱང་སྣང་དག་མི་འདུག་ལ་རླངས་འཁོར་ཡང་གཏོང་ཐུབ་པ་འདུག”ཅེས་མའེ་ཧཱ་སུའུ་ཐིས་ཞུས་གཡན་གོ་ལ་དེ་ལྟར་བཤད་པ་མ་ཟད། ཡུན་རིང་མ་སོང་གོང་རླངས་འཁོར་ཆུང་ཆུང་ཞིག་ཉོས་ནས་ནང་མི་ཁྲིད་དེ་ཡུལ་སྐོར་དུ་བསྐྱོད་རྩིས་ཡོད་པའི་སྐོར་ཡང་བཤད།
   ས་གནས་དེ་གའི་སྨན་པ་ཚོས་སྨན་བཅོས་ཀྱི་ལག་རྩལ་ཁོང་དུ་ཡང་དག་ཆུད་པར་བྱ་ཆེད། ཨན་ཧུའེ་ཤིན་སྐྱོར་གྱི་སྨན་པ་ཚོས་སློབ་ཁྲིད་ཧུར་ཐག་བྱས་པ་མ་ཟད། ནད་ཁང་དུ་ནད་པར་བརྟག་དཔྱད་དང་། སློབ་ཚན་འཆད་ཁྲིད། གསོ་སྦྱོང་བཅས་ལས་དོན་གྱི་འཆར་གཞི་ཡག་པོ་བཟོས་ཡོད། “ད་ཆ་ས་གནས་ཀྱི་སྨན་པའི་ཆུ་ཚད་མཐོ་རུ་འགྲོ་བཞིན་ཡོད”ཅེས་ཞུས་ཡན་གོས་དེ་ལྟར་བཤད་བྱུང་།