འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་12ཉིན།

༄༅།།པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་122པེ་ཅིང་དུ་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་12ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། 2021ལོའི་སྤྱི་མཐུན་རྒྱལ་ཁབ་ཀྱི་པུའུ་ཀྲང་གི་འོས་འགན་ཤིང་འཛུགས་བྱེད་སྒོ་པེ་ཅིང་གྲོང་ཁྱེར་ཏ་ཤིང་ཆུས་ལི་ཞན་གྲོང་རྡལ་ལིན་ཁུང་ཁུལ་གྱི་སྤྲོ་གསེང་སྤྱི་གླིང་དུ་གཉེར་བ་རེད། ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག པེ་ཅིང་གྲོང་ཁྱེར་བཅས་ནས་ཕེབས་པའི་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་122དེའི་ནང་ཞུགས་ཡོད་པ་རེད།
   སྤྱི་མཐུན་རྒྱལ་ཁབ་ཀྱི་པུའུ་ཀྲང་གི་འོས་འགན་ཤིང་འཛུགས་བྱེད་སྒོ་ནི་རྒྱལ་ཡོངས་སྔོ་འགྱུར་ཨུ་ལྷན་དང་། ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་སྔོ་འགྱུར་ཨུ་ལྷན། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སྔོ་འགྱུར་ཨུ་ལྷན། རྒྱལ་སའི་སྔོ་འགྱུར་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་རེད། བྱེད་སྒོ་དེ་2002ལོ་ནས་བཟུང་ལོ་བསྟུད་མར་སྤེལ་བ་དང་ད་བར་ཐེངས་20ཙམ་སྤེལ་ཡོད། ལོ་20ཡི་རིང་རིམ་རྩིས་བྱས་ན་པུའུ་རིམ་པའི་ལས་བྱེད་པ་མི་ཐེངས་3351ཞུགས་ནས་ཁྱོན་ལྕང་མ་རྐང་39430བཙུགས་ཡོད།