འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་12ཉིན།

༄༅།།མཚོ་སྔོན་གྱིས་2020ལོར་རྒྱལ་ཁབ་ས་ཆ་སྤྱི་ཆིང་ཁྲི་46སྔོ་འགྱུར་ལེགས་གྲུབ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་11ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་མཚོ་སྔོན་གྱིས་2020ལོའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གནས་ཚུལ་གྱི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ཤིང་། སྤྱི་བསྒྲགས་ནང་མངོན་པར། ལོ་ཧྲིལ་པོར་རྒྱལ་ཁབ་ས་ཆ་སྤྱི་ཆིང་ཁྲི་46(མུའུ་ཁྲི་690)སྔོ་འགྱུར་ལེགས་གྲུབ་ཟིན་པ་དེའི་ནང་ནགས་བཟོ་སྤྱི་ཆིང་ཁྲི་21.8(མུའུ་ཁྲི་327)བྱས་པ་དང་རྩྭ་ཐང་སྤྱི་ཆིང་ཁྲི་24.2(མུའུ་ཁྲི་363)ཉམས་བཟོ་བཅོས་སྐྱོང་བྱས་པ་རེད། མི་སྡོད་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ནས་མཚོ་སྔོན་གྱིས་ལོ་ཧྲིལ་པོར་ཞིང་ཆེན་རིམ་པའི“ནགས་ཚལ་གྲོང་རྡལ”7དང“ནགས་ཚལ་གྲོང་ཚོ”15གསར་འཛུགས་བྱས་ཡོད། ཞིང་ཆེན་ཡོངས་སུ་ནགས་ཚལ་ཁྱབ་ཚད་7.5%བར་འཕར་བ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་འགོའི་6.3%ལས་བརྒྱ་ཆའི་གྲངས་1.2འཕར་ཡོད། ནགས་ཚལ་གསོག་འཇོག་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་4993བར་འཕར་བ་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་57.4%ཟིན་ཡོད་པ་རེད།