འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་10ཉིན།

༄༅།།མཚོ་སྔོན་གྱིས་སྨན་བཅོས་སྒྲིག་གཞིར་སྨན་བཅོས་འགན་བཅོལ་གྱི་ཆེད་གཏོང་མི་སྣ་114མངགས་གཏོང་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་10ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། སྨན་བཅོས་འགན་བཅོལ་དང་སྨན་བཅོས་དང་ནད་པའི་དབར་གྱི“སྦྲེལ་ཟམ”ཡག་པོ་བཙུགས་ནས་མང་ཚོགས་ལ་བྱ་བ་སྒྲུབ་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་སྒྲིག་གཞིར་སྨན་བཅོས་འགན་བཅོལ་གྱི་ཆེད་གཏོང་མི་སྣ་114མངགས་གཏོང་བྱས་ནས་སྨན་བཅོས་འགན་བཅོལ་གྱི་བྱ་གཞག་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
   མིག་སྔའི་བར་མཚོ་སྔོན་གྱིས་གཙོ་གནད་སྨན་བཅོས་སྒྲིག་གཞི་95ལ་སྨན་བཅོས་འགན་བཅོལ་གྱི་ཆེད་གཏོང་མི་སྣ་114མངགས་གཏོང་བྱས་པ་རེད།
   སྨན་བཅོས་འགན་བཅོལ་གྱི་ཆེད་གཏོང་མི་སྣས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་པ་དང་། དོགས་གཞིར་ལན་རྒྱག་པ། ཐེར་འདོན་གོང་ཞུ་བདག་སྤྲོད་བྱེད་པ། སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་གཏོང་སྤྲོད་དང་བདག་གཉེར་ཞབས་ཞུ་སོགས་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་པ། སྨན་བཅོས་སྒྲིག་གཞིས་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དོན་འཁྱོལ་དང་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་བཅས་ཀྱི་འགན་གཙོ་བོ་འཁུར་གྱི་ཡོད།