འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་9ཉིན།

༄༅།།བོད་ལྗོངས་སུ་སྐམ་སའི་སྒལ་ཚིགས་སྲོག་ཆགས་རིགས་1072ཡོད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་09ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་སུ་སྐམ་སའི་སྒལ་ཚིགས་སྲོག་ཆགས་རིགས་1072ཡོད།
   མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་6ཉིན། བོད་རང་སྐྱོང་ལྗོངས་ནགས་ཚལ་རྩྭ་ཐང་ལས་དོན་གྲོས་ཚོགས་ལྷ་སར་འཚོགས་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། “ལོ་ལྔ་ཚན་གསུམ་པ”ཡི་རིང་ལ། བོད་ལྗོངས་ཀྱིས་སྣོད་བཅུད་ཀྱི་ནགས་ཚལ་རྩྭ་ཐང་དང་དམངས་འཚོའི་ནགས་ཚལ་རྩྭ་ཐང གཙོ་བོའི་ཕྱོགས་གཉིས་ལ་དམིགས་ཏེ། ནགས་ཚལ་དང་རྩྭ་ཐང་། འདམ་ས། ཐང་རྒོད་བཅས་ཀྱི་སྣོད་བཅུད་མ་ལག་སྲུང་སྐྱོང་དང་བསྐྱར་སྐྲུན་ནན་མོ་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཤུགས་དངོས་སུ་ཆེ་རུ་གཏོང་བ། སྣོད་བཅུད་སྲུང་སྐྱོང་དང་བསྐྱར་གསོའི་ལས་གྲྭ་གཙོ་གནད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ནགས་ཚལ་རྩྭ་ཐང་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། ལམ་སྲོལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་གཏོང་བ། སྣོད་བཅུག་དཔལ་ཡོན་དཔེ་སྟོན་ཁུལ་དང་མཛེས་སྡྭག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ཡོལ་སྒྲོམ་རྒྱུན་མི་ཆད་པར་སྲ་བརྟན་བཏང་ཡོད།
   “བོད་རང་སྐྱོང་ལྗོངས་སྐམ་སའི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་རྟོག་ཞིབ་ཐེངས་གཉིས་པ་བདེ་བླག་ངང་བྱས་ཚར་ཡོད། རྟོག་ཞིབ་བྱས་པར་གཞིགས་ན། བོད་ལྗོངས་སུ་ད་ལྟར་སྐམ་སའི་སྒལ་ཚིགས་སྲོག་ཆགས་རིགས་1072ཡོད་ཅིང་། སྐྱེ་དངོས་རིགས་གསར་པ་5དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་ཟིན་ཐོ་གསར་པའི་ཁོངས་ཀྱི་སྐྱེ་དངོས་རིགས་5དང་། བོད་རང་སྐྱོང་ལྗོངས་ཀྱི་ཟིན་ཐོ་གསར་པའི་ཁོངས་ཀྱི་སྐྱེ་དངོས་རིགས་23གསར་དུ་རྙེད་ཡོད།”ཅེས་བོད་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཝང་ཝེ་ཡིས་དེ་ལྟར་ངོ་སྤྲད་བྱས།
   ཤེས་རྟོགས་བྱུང་བར་གཞིགས་ན། སྐམ་སའི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་རྟོག་ཞིབ་ཐེངས་གཉིས་པར་སྔ་རྗེས་སུ་ཆེད་ལས་མི་སྣ་900ལྷག་དེའི་ནང་ཞུགས་པ་དང་། རྟོག་ཞིབ་མ་དཔེ་ཁུལ་260སྒྲིག་བཀོད་བྱས་ནས། རིམ་རྩིས་བྱས་ན་མ་དཔེ་འཇོག་ཚད་ཁྱོན་སྟོང་སྨི་13390 ཡོད་པ་ཞིག་ལ་རྟོག་ཞིབ་བྱས་ཡོད་ཅིང་། ལམ་ཐག་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་ཁྲི་བཅུ་ཡོད་པ་དང་། དོན་དངོས་རྟོག་ཞིབ་བྱེད་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ་6346ཡོད་པས་བོད་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་ལས་དོན་ལ་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་རེད།
༄༅།།བོད་ལྗོངས་སུ་སྐམ་སའི་སྒལ་ཚིགས་སྲོག་ཆགས་རིགས་1072ཡོད།