འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་9ཉིན།

༄༅།།ཧྲང་ཧའེ་རུ་གོ་ལ་ཧྲིལ་པོའི་མ་འཇོག་སྐུལ་སྤེལ་ཚོགས་ཆེན་འཚོགས་པ།

ཁྱོན་མ་དངུལ་སྒོར་དུང་ཕྱུར་4898བཏང་བའི་ཐོན་ལས་རྣམ་གྲངས་གལ་ཆེན་ལ་གཅིག་སྡུད་ཐོག་མིང་རྟགས་བཀོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་09ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོ། 2021ལོའི་ཧྲང་ཧའེ་ཡི་གོ་ལ་ཧྲིལ་པོའི་མ་འཇོག་སྐུལ་སྤེལ་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག་ཐོན་ལས་རྣམ་གྲངས་གལ་ཆེན་216ལ་གཅིག་སྡུད་ཐོག་མིང་རྟགས་བཀོད་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་4898བཏང་བ་རེད།
   མིག་སྔར་ཧྲང་ཧའེ་ཡིས་དུས་ཚོད་དམ་འཛིན་དང་འགྲན་སློབ་སྙེག་བརྒལ་གྱི་སྙིང་སྟོབས་ཐོག་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དམ་པ་དོན་གཉེར་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། འདི་ལོའི་ཟླ་དང་པོ་དང་གཉིས་པར་གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་ཀྱིས་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5866.90ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་དང་བསྡུར་ན་39.4%འཕར་བ་དང་། ཟླ་དང་པོ་དང་གཉིས་པར་ཕྱི་ཕྱོགས་ཚོང་པས་ཐད་ཀར་མ་འཇོག་བྱས་པའི་ཁེ་ལས་942མང་དུ་ཕྱིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་49.1%འཕར་བ། དངོས་སུ་ལག་འབྱོར་བྱུང་བའི་ཕྱི་ཕྱོགས་མ་དངུལ་ཨ་སྒོར་དུང་ཕྱུར་35.37ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་26.5%འཕར་ཡོད་པ་རེད།