འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་8ཉིན།

༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་ཚེ་འཕེལ་གྱི་སྐོར་བྲིས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་08ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་ཚེ་འཕེལ་གྱི་སྐོར་བྲིས་པ།
    ད་ལོར་ལོ་92ཡིན་པའི་ཚེ་འཕེལ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོར་འཚོ་བ་རོལ་བཞིན་ཡོད།
    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱལ་ཚ་རྫོང་དུ་སྐྱེས་པའི་ཚེ་འཕེལ་ནི་ཆུང་དུས་ནས་ཕ་མ་དང་མཉམ་དུ“སྨྲ་ཤེས་པའི་ལག་ཆ” སྟེ་ཞིང་བྲན་ཞིག་ཏུ་གྱུར་བ་རེད།  དེའི་དུས་གོས་ཀྱིས་རྒྱབ་མི་ཁེབས་ཤིང་། ཟས་ཀྱིས་ལྟོ་མི་འགྲངས། ཕ་མ་གཉིས་ཚེ་ལས་འདས་རྗེས། ཁོ་ལྷོ་ཁ་ནས་ལྷུན་གྲུབ་རྫོང་དུ་བྲོས་པ་རེད། ཁོང་གིས། “གལ་ཏེ་ཞིང་བདག་གིས་བཟུང་སོང་ན། མིག་འབྲས་འདོན་པ་དང་རྣ་བ་གཅོད་པ། རྐང་ལག་གཅོད་པ་སོགས་ཀྱི་ཉེས་ཆད་དྲག་པོ་ཕོག་རྒྱུ་ཡིན་པས། ད་ལྟར་ཕྱིར་འདང་བརྒྱབ་ནའང་སྐྲག་སྣང་སྐྱེ” ཟེར།
   དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཚེ་འཕེལ་ནི་ཞིང་རའི་བཟོ་བར་གྱུར་ནས། ཚ་ཚ་འུར་འུར་གྱི་ཐོན་སྐྱེད་ངལ་རྩོལ་ནང་ཞུགས་པ་རེད།
   ད་ལྟ། རྒད་པོ་ཚེ་འཕེལ་ལས་འཁྱུར་ངལ་གསོ་བྱས་ནས་རང་ཁྱིམ་དུ་བསྡད་ཡོད། ཟླ་རེ་བཞིན་རྒན་ཡོལ་གླ་ཕོགས་མཐོན་པོ་བླངས་ཆོག་ལ། བུ་རྒྱུད་ཚོ་དང་མཉམ་དུ་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད།
【1】  【2】  【3】
༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་ཚེ་འཕེལ་གྱི་སྐོར་བྲིས་པ།