འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་7ཉིན།

༄༅།།བོད་ལྗོངས་ཀྱི་ཕྱེ་མ་ལེབ། རང་བྱུང་ཁམས་ཀྱི་གར་མ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་07ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཀྱི་ཕྱེ་མ་ལེབ། རང་བྱུང་ཁམས་ཀྱི་གར་མ།
  མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ས་རྒྱ་ཧ་ཅང་ཆེ་བས་ནམ་ཟླ་དང་སྔོ་ཁེབས་ཚད་ནི་ཤར་ལྷོ་ནས་ནུབ་བྱང་བར་དུ་ས་མགོ་མཐོ་ཚད་ཀྱི་འགྱུར་ལྡོག་དང་བསྟུན་ནས་རིམ་བཞིན་འགྱུར་བཞིན་ཡོད། སྣེ་མང་རྙོག་འཛིང་ཆེ་བའི་སྐྱེ་ཁམས་མ་ལག་ནང་དུ་འབུ་སྲིན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དེའི་ཁྲོད་དུ་ཕྱེ་མ་ལེབ་རིགས་ཀྱི་ཐོན་ཁུངས་ནི་མི་རྣམས་ཀྱི་བསམ་ཚོད་ལས་འདས་པ་ཞིག་ཡོད།
  མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཞིབ་འཇུག་བྱ་གཞིའི(ཟེའུ་འབྲུ་སྡེབ་སྦྱོར་བྱེད་པའི་འབུ་སྲིན་གཞན་དག)འགན་འཁུར་བ་ཟླ་བ་ཡིས་“བོད་ལྗོངས་སུ་ཕྱེ་མ་ལེབ་རིགས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། མིག་སྔའི་བརྟག་དཔྱད་བྱས་འབྲས་ལ་བལྟས་ན། བོད་ལྗོངས་སུ་ཕྱེ་ལེབ་ཚན་ཁག་5དང་ཁོངས་གཏོགས་208རིགས་569ཡོད། གཞི་གྲངས་དེ་བརྟག་དཔྱད་ཟམ་མི་ཆད་པ་བྱས་པ་དང་བསྟུན་ནས་འགྱུར་བ་འགྲོ་རྒྱུ་རེད། ཕྱེ་མ་ལེབ་རིགས་དེ་དག་གི་ཁྱབ་སྟངས་ལ་མངོན་གསལ་དོད་པའི་ས་ཁོངས་ཀྱི་ཁྱད་ཆོས་ལྡན་ཡོད་པ་སྟེ།  ཕྱེ་ལེབ་རིགས་ལ་ལ་ནི་གུ་དོག་པའི་སྐྱེ་ཁམས་མ་ལག་ཁྲོད་གནས་ཡོད། དེ་ནི་བོད་ལྗོངས་འདི་ཉིད་གནའ་བོའི་བྱང་རྒྱུད་དང་ཤར་རྒྱ་མཚོ་ཁུལ་གྱི་འབྲེལ་མཚམས་སུ་གནས་པ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་དང་འཕྲེད་རྒྱུག་རི་རྒྱུད་ལས་གྲུབ་པའི་རྙོག་འཛིང་ཆེ་བའི་གནམ་གཤིས་དང་ས་དབྱིབས་ཀྱིས་དེའི་ཆེས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་བསྐྲུན་ཡོད་པས་རེད།”ཅེས་ངོ་སྤྲོད་གནང་།
【1】  【2】  【3】  【4】  【5】
༄༅།།བོད་ལྗོངས་ཀྱི་ཕྱེ་མ་ལེབ། རང་བྱུང་ཁམས་ཀྱི་གར་མ།