འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་6ཉིན།

༄༅།།ཀྲུང་གོས་གཞན་ལས་རིམ་པ་གཅིག་གིས་མཐོ་བའི་རྒྱལ་ཁབ་ཡོད་པ་ཁས་མི་ལེན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་06ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་31ཉིན་ནས་ཟླ་4ཚེས་3ཉིན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཧྥུའུ་ཅན་དུ་སྔ་རྗེས་སུ་སིང་ཀ་ཕོར་དང་མ་ལེ་ཞི་ཡ། ཧིན་རྡུ་ཉི་ཞི་ཡ། ཧྥི་ལི་ཕིན། ཁོ་རེ་ཡ་ལྷོ་མ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཀྲུང་གོར་འཚམས་འདྲིར་ཡོང་བར་སྣེ་ལེན་ཞུས་པ་དང་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་ཞུས་པ་རེད། ཆེད་དོན་བཅར་འདྲིའི་ཁྲོད། ཝང་དབྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཐད་ཀྱི་འབྲེལ་ཡོད་གནད་དོན་སྐོར་ལ་ལན་བཏབ་པ་རེད།
   གསར་འགོད་པས་དྲིས་དོན། ཐེངས་འདིའི་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་བཞི་དང་ཁོ་རེ་ཡ་ལྷོ་མའི་ཕྱི་འབྲེལ་པུའུ་ཀྲང་བསྟུད་མར་ཀྲུང་གོར་འཚམས་འདྲི་ཡོང་བ་དང་། དེ་ནི་ཏག་ཏག་ཀྲུང་གོ་དང་ཨ་རིའི་ཨན་ཁེ་ལེ་ཆི་རུ་ཁ་བརྡ་བྱས་རྗེས་སུ་ཡིན་ཞིང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ནི་བརྗོད་གཞི་གལ་ཆེན་གཅིག་ཡིན་པ་ཡིད་ཆེས་ཡོད། བཀའ་འདྲི་ཞུ་རྒྱུ་ལ། ས་ཁུལ་དང་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ཨ་རི་བར་གྱི་འབྲེལ་བའི་མ་འོངས་བའི་འཕེལ་རྒྱས་ལ་རེ་སྒུག་འཆང་ཡོད་དམ།
   ཝང་དབྱི་ཡིས། ཀྲུང་ཨ་བར་སྤེལ་རེས་ཇི་ལྟར་བྱ་རྒྱུ་དེ་གོ་ལ་ཧྲིལ་པོའི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་འགྲོ་བ་དང་འབྲེལ་བ་ཡོད། ས་ཁུལ་དང་རྒྱལ་ཁབ་ཀྱིས་ཀྲུང་ཨའི་འབྲེལ་བར་དོ་ཁུར་བྱེད་པ་ནི་གནས་ལུགས་དང་མཐུན་པ་ཞིག་རེད། ད་ཐེངས་རྒྱལ་ཁབ་ལྔའི་ཕྱི་འབྲེལ་པུའུ་ཀྲང་དང་གྲོས་མོལ་བྱེད་སྐབས། ང་ཚོས་ཀྲུང་གོ་དང་ཨ་རི་ཨན་ཁེ་ལེ་ཆི་རུ་ཁ་བརྡ་བྱེད་རེས་དང་དེ་བཞིན་སླད་ཕྱིན་གྱི་འཕེལ་ཕྱོགས་ལ་དམིགས་ཏེ་ཕན་ཚུན་འབྲེལ་འདྲིས་གླེང་མོལ་བྱས་ཡོད། མྱོང་ཚོར་མངོན་གསལ་དོད་པོ་ཞིག་ནི་ཚང་མས་ཀྲུང་གོ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་ནི་ལོ་རྒྱུས་ཀྱི་ལྡོག་ཏུ་མེད་པའི་འབྲས་བུ་ཞིག་ཡིན་པ་དང་། ས་ཁུལ་དེ་གའི་རྒྱལ་ཁབ་ཁག་གི་ཐུན་མོང་གི་རེ་སྒུག་དང་ཕུགས་ཀྱི་ཁེ་ཕན་དང་འཚམ་པ་ཞིག་ཡིན་པས། དེ་བཀག་འགོག་བྱེད་མི་ཐུབ་ལ་བཀག་འགོག་བྱེད་ཀྱང་མི་འོས་པར་ངོས་འཛིན་གྱི་ཡོད། དེ་དང་ཆབས་ཅིག  ཚང་མས་གོ་ལ་ཧྲིལ་པོ་ཅན་གྱི་དུས་རབས་དང་རིམས་ནད་རྗེས་ཀྱི་དུས་སྐབས་ཀྱི་འགྲན་སློང་གི་མདུན་དུ། ཀྲུང་ཨ་གཉིས་པོས་ས་ཁུལ་རང་ནས་སྐད་ཆ་ཤོད་རེས་དང་མཉམ་ལས་མང་ཙམ་དང་འགྲན་སློང་ཉུང་ཙམ་བྱས་ནས། རྒྱལ་ཁབ་ཆེན་པོའི་འོས་འགན་ཡག་པོ་བསྒྲུབས་ཏེ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་ཐུབ་རྒྱུ་མངོན་པ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་གི་རེ་སྒུག་ལ་ཨ་ལན་བསློགས་ཤིང་མུ་མཐུད་རང་ཉིད་ཀྱི་འབད་བརྩོན་བྱེད་འདོད་ཡོད་ཅེས་བསྟན།
   ཝང་དབྱིས་ནན་བཤད་གནང་དོན། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འབྲེལ་བར་དམིགས་ནས་ཡང་ཡང་བཏོན་པའི་འགྲན་རྩོད་དང་། མཉམ་ལས། ཁ་གཏད་བཅས་ཀྱི་ཐད། ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་པོ་ཡིན། གལ་ཏེ་སྐད་ཆ་ཤོད་རེས་བྱེད་ན་ཀྲུང་གོ་ཕྱོགས་ཀྱི་སྒོ་མོ་དུས་དང་རྣམ་པ་ཀུན་ཏུ་ཕྱེ་ནས་ཡོད། འོན་ཀྱང་སྐད་ཆ་ཤོད་རེས་བྱ་རྒྱུ་དེ་འདྲ་མཉམ་གྱི་རྨང་གཞིའི་ཐོག་ཕན་ཚུན་བརྩི་འཇོག་གི་རྣམ་འགྱུར་ཐོག་ནས་སྤེལ་དགོས། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འདིར་ད་དུང་གཞན་ལས་རིམ་པ་གཅིག་གིས་མཐོ་བའི་རྒྱལ་ཁབ་ཞིག་ཡོད་པ་ཁས་ལེན་རྒྱུ་མིན་ལ། འཛམ་གླིང་ཐོག་གི་ལས་དོན་ཚང་མ་རྒྱལ་ཁབ་གཅིག་གིས་ཐག་གཅོད་དགོས་པ་ཁས་ལེན་བྱ་རྒྱུ་མིན། གལ་ཏེ་མཉམ་ལས་བྱེད་དགོས་ཚེ་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་མོད། འོན་ཀྱང་མཉམ་ལས་བྱེད་པར་ཕན་ཚུན་གྱི་དོ་ཁུར་ལ་ལྟ་རྟོག་བྱས་ནས་ཕྱོགས་གཉིས་བར་གཉིས་ཁེ་ཡོང་རྒྱུ་མངོན་འགྱུར་བྱེད་དགོས་པ་ལས་ཕྱོགས་རྐྱང་པས་ཆ་རྐྱེན་འདོན་པ་དང་རྩིས་ཐོ་བཟོ་མི་རུང་། གལ་ཏེ་འགྲན་རྩོད་བྱེད་ན་ཀྲུང་གོ་ཕྱོགས་ཀྱིས་གཡོལ་ཐབས་མི་བྱེད། འོན་ཀྱང་འགྲན་རྩོད་བྱེད་སྐབས་དྲང་གཞག་དྲང་བདེན། ཁྲོམ་རའི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་ལས་བཀག་རྒྱ་དང་བཙན་དབང་སྤྱད་ནས་གཞན་གྱི་ལུགས་མཐུན་འཕེལ་རྒྱས་ཀྱི་ཁེ་དབང་བཙན་འཕྲོག་བྱེད་མི་རུང་། གལ་ཏེ་ད་དུང་ཁ་གཏད་དུ་ལངས་ཚེ་ཀྲུང་གོས་ཀྱང་ཐེ་ཚོམ་མེད་པར་ཁ་གཏད་གཞལ་རྒྱུ་ཡིན། ང་ཚོས་ཀྲུང་གོའི་ནང་སྲིད་ལ་བཙན་ཤེད་ཀྱིས་ཐེ་ཇུས་བྱེད་པར་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྫུན་གཏམ་དང་ཆ་འཕྲིན་རྫུན་མར་བརྟེན་ནས་བཙན་ཤེད་ཀྱིས་ལག་ལེན་བསྟར་བའི་ཁྲིམས་འགལ་གྱི་ཕྱོགས་རྐྱང་པའི་བཀག་སྡོམ་ལ་དེ་བས་ཀྱང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོས་བསྟུན་ཐབས་བྱ་རྒྱུ་མིན། གང་ལགས་ཤེ་ན། ང་ཚོས་བརྟན་སྲུང་བྱ་རྒྱུ་ནི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཡིན། ཀྲུང་གོས་ཕྱིར་འཐེན་བྱེད་ཐབས་མེད། གང་ལགས་ཤེ་ན། ང་ཚོའི་རྒྱབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་རྒྱལ་ཁབ་འབྲིང་ཆུང་མང་པོ་ཡོད། ཀྲུང་གོ་ལའང་ངོ་རྒོལ་བྱེད་དབང་ལོས་ཡོད། གང་ལགས་ཤེ་ན། ང་ཚོས་ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱ་སྲུང་དགོས།
   ཝང་དབྱི་ཡིས་སྐད་ཆ་ཤོད་རེས་དེ་ཁ་གཏད་དུ་ལངས་པ་ལས་ཡག་ཅིང་། མཉམ་ལས་དེ་འགྲན་རྒོལ་ལས་ཡག་པོ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་དང་གདོང་ཐུག་མི་ཡོང་བ་དང་། ཁ་གཏད་དུ་མི་ལངས་པ། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཕན་བཅས་ཀྱི་སྙིང་སྟོབས་ཐོག་ནས་མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་ནང་དོན་གཙོ་བོར་བྱེད་པའི་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་ཐེངས་མང་བསྟན་གནང་བ་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་ཏན་ཏིག་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་པ། ས་ཁུལ་དང་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་ལ་བརྡ་ལན་ཧུར་ཐག་སློག་པ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་ཆེན་པོར་ལྡན་དགོས་ངེས་ཀྱི་རྣམ་པ་ཐུན་མོང་ཐོག་མངོན་པ་བཅས་བྱས་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།