འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་6ཉིན།

༄༅།།ས་གནས་རང་གི་གཏན་འཁེལ་བྱུང་བའི་ནད་དཔེ་གསར་པ་15བྱུང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་06ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་5ཉིན་གྱི་ཆུ་ཚོད་0-24ཐོགཞིང་ཆེན་31(རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར) དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དུ་གཏན་འཁེལ་བྱུང་བའི་ནད་དཔེ་གསར་པ་24བྱུང་བ་སྙན་ཞུ་བྱས་ཤིང་། དེའི་ཁྲོད་དུ་ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་9(ཧྲན་ཞི་རུ་ནད་དཔེ་4ཧྲང་ཧའེ་རུ་ནད་དཔེ་2ཀོང་ཏུང་དུ་ནད་དཔེ་2ཅང་སུའུ་རུ་ནད་དཔེ་1)ཡོད། ས་གནས་རང་གི་ནད་དཔེ་15(ཚང་མ་ཡུན་ནན་ཏུ་ཡོད་པ)ཡོད། ཚེ་འདས་ནད་དཔེ་གསར་པ་མེད། དོགས་ཡོད་ནད་དཔེ་གསར་པ་མེད།
   ཉིན་དེར་ནད་དྲག་ནས་སྨན་ཁང་ནས་ཐོན་མཁན་གསར་པ་18བྱུང་བ་དང་། ནད་པ་དང་འབྲེལ་བ་དམ་པོ་བྱེད་མཁན་214གསོ་རིག་གིས་ལྟ་ཞིབ་བྱ་མི་དགོས་པར་བྱས་པ། ནད་ལྕི་བའི་ནད་དཔེ་མང་ཉུང་ནི་ཉིན་སྔ་མ་དང་འདྲ་བ་ཡིན། ད་ལྟར་ཕྱི་རྒྱལ་ནས་ཡོང་བའི་གཏན་འཁེལ་བྱུང་བའི་ནད་དཔེ་180ཡོད། (དེའི་ཁྲོད་དུ་ནད་གཞི་ལྕི་བའི་ནད་དཔེ་2)དང་། དོགས་ཡོད་ནད་དཔེ་1ཡོད། རིམ་རྩིས་བྱས་ནས་གཏན་འཁེལ་བྱུང་བའི་ནད་དཔེ་5361དང་། ནད་དྲག་ཏེ་སྨན་ཁང་ནས་ཐོན་མཁན་5181ཡོད། ཚེ་འདས་ནད་དཔེ་མེད།
   ཟླ་4ཚེས་5ཉིན་གྱི་ཆུ་ཚོད་24ཐོག ཞིང་ཆེན་31(རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་གོང་ཞུ་བྱས་པར་གཞིགས་ན། ད་ལྟར་གཏན་འཁེལ་ནད་དཔེ་244(དེའི་ཁྲོད་དུ་ནད་གཞི་ལྕི་བའི་ནད་དཔེ་2)དང་། རིམ་རྩིས་བྱས་ན་ནད་དྲག་ཏེ་སྨན་ཁང་ནས་ཐོན་མཁན་85449ཡོད། རིམ་རྩིས་བྱས་ན་ཚེ་འདས་ནད་དཔེ་4636དང་། རིམ་རྩིས་ཀྱིས་གོང་དུ་ཞུས་པའི་གཏན་འཁེལ་ནད་དཔེ་90329ཡོད། ད་ལྟར་དོགས་ཡོད་ནད་དཔེ་1ཡོད། ནད་པ་དང་འབྲེལ་བ་དམ་པོ་བྱེད་མཁན་ཁྱོན་བསྡོམས་993919ལ་རྗེས་སྙེག་བྱེད་ཐུབ་ཡོད། ནད་པ་དང་འབྲེལ་བ་དམ་པོ་བྱེད་མཁན་7773ལ་གསོ་རིག་གིས་ལྟ་ཞིབ་བྱེད་བཞིན་ཡོད།
   ཞིང་ཆེན་31 (རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར།)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་ནད་རྟགས་མེད་པའི་ནད་འགོས་མཁན་གསར་པ་17བྱུང་བ་སྙན་ཞུ་བྱས་ཡོད་ཅིང་། དེའི་ཁྲོད་དུ་ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་15དང་། ས་གནས་རང་གི་ནད་དཔེ་2(ཚང་མ་ཡུན་ནན་དུ་ཡོད) ཡོད། ཉིན་དེར་གཏན་འཁེལ་བྱུང་བའི་ནད་དཔེ་རུ་བསྒྱུར་མཁན་13བྱུང་བ་(ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་1ཡོད། ) ཉིན་དེར་གསོ་རིག་གིས་ལྟ་ཞིབ་བྱ་མི་དགོས་པར་བཟོས་པའི་ནད་དཔེ་4(ཚང་མ་ཕྱི་རྒྱལ་ནས་ཡོང་མཁན་རེད) ཡོད། ནད་རྟགས་མེད་པའི་ནད་འགོས་མཁན་304(ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་277)ལ་གསོ་རིག་གིས་ལྟ་ཞིབ་བྱེད་བཞིན་ཡོད།
   ཀང་ཨའོ་ཐའེ་ས་ཁུལ་དུ་གཏན་འཁེལ་བྱུང་བའི་ནད་དཔེ་ཁྱོན་བསྡོམས་12620ཡོད་པའི་བརྡ་ཁྱབ་འབྱོར་ཞིང་། དེའི་ཁྲོད་དུ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་དཔེ་11524(སྨན་ཁང་ནས་ཕྱིར་ཐོན་པའི་ནད་དཔེ་11145 ཚེ་འདས་ནད་དཔེ་205) ཡོད་པ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་དཔེ་48(སྨན་ཁང་ནས་ཕྱིར་ཐོན་པའི་ནད་དཔེ་48) ཡོད་པ།  ཐའེ་ཝན་ས་ཁུལ་དུ་ནད་དཔེ་1048(སྨན་ཁང་ནས་ཐོན་པའི་ནད་པེ་1004 ཚེ་འདས་ནད་དཔེ་10)ཡོད་པ་རེད།