འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་6ཉིན།

༄༅།།གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་06ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་གྱི་གསར་འགོད་པ། ཡོན་ཆོན།

   དྭངས་གསལ་དུས་ཚིགས་རིང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། སྔོན་གཤེགས་དཔའ་བོར་མཆོད་འབུལ། སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་འཛིན་བྱེད”པའི་དུར་མཆོད་བྱེད་སྒོ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྤེལ་བ་རེད། ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་མི་རྣམས་ཀྱིས་མེ་ཏོག་སི་ར་དང་མེ་ཏོག་སོས་པ་ཕུལ་ནས་གུས་སྟབས་ཀྱིས་ལངས་ཏེ་མགོ་བོ་དུད་ནས་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
   ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་དང་དཔུང་སྡེའི་དཔོན་དམག་ཚོས་ད་དུང་རང་འགུལ་ངང་ཐན་ཀོན་སན་དྲན་གསོའི་སྐྱེད་ཚལ་དུ་དུར་མཆོད་ལ་བསྐྱོད་པ་དང་། བོད་ཞི་བས་བཅིངས་འགྲོལ་གཏོང་བ་དང་དེ་བཞིན་བོད་ལྗོངས་གསར་པའི་འཛུགས་སྐྲུན་གྱི་ལོ་རྒྱུས་ལམ་བུའི་ཁྲོད་ཀྱི་དམག་དཔོན་ཐན་ཀོན་སན་གྱི་བྱས་རྗེས་ཆེན་པོར་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། དམག་དཔོན་ཐན་ཀོན་སན་དང་གསར་བརྗེའི་བློ་མཐུན་རྒན་གྲས་ཚོའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་མྱོང་ཚོར་གཏིང་ཟབ་བྱས་པ་རེད།
   “པཱ་ལགས་ཀྱིས་ངར་བཞག་པ་ནི་ཚེ་གང་གི་བསམ་པའི་རྒྱུ་ནོར་དག་རེད། འདི་ལོ་ནི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཡིན་པས། སྔོན་གཤེགས་དཔའ་བོར་རྗེས་དྲན་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་། ཡར་རྒྱས་བརྩོན་ལེན་བཅས་བྱེད་པར་དོན་སྙིང་དེ་བས་གལ་ཆེན་ལྡན་ཡོད”དམག་དཔོན་ཐན་ཀོན་སན་གྱི་བུ་ཐན་རུང་ཧྲེང་གི་བྲང་རྟགས་ཤིག་བཏགས་ཡོད་པ་དང་། དེའི་ཐོག“ས་མཐོའི་འཐབ་འཛིང་བ”ཞེས་བྲིས་འདུག “དཀའ་ཚེགས་དེ་འདྲ་ཆེ་བའི་འོག་ཕ་མའི་མི་རབས་ཚོས་བོད་ལ་ལེགས་སྐྱེས་ཕུལ་ཡོད། དེང་གི་བོད་ལྗོངས་སུ་སྐྱེ་བོ་གྲངས་ལས་འདས་པས་བོད་ལ་ལེགས་སྐྱེས་ཕུལ་ནས། ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’ལ་དུས་རབས་ཀྱི་ནང་དོན་མང་པོ་བསྣན་ཡོད། དམག་དཔོན་གྱི་བུ་ཕྲུག་ཅིག་གི་ཆ་ནས་གསར་བརྗེའི་ས་བོན་མུ་མཐུད་རྒྱུན་འཛིན་བྱེད་དགོས”
   ཐན་ཀོན་སན་དྲན་གསོའི་སྐྱེད་ཚལ་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་བྱང་ཤར་མཚམས་སུ་གནས་ཡོད། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ཡོན་ཀྲང་བསོད་དབང་གིས“དེ་ནི་ང་ཚོའི་སློབ་གྲྭའི་གཟི་བརྗིད་རེད། སློབ་གྲྭས་དྲན་གསོ་ཁང་གི་དོ་དམ་དང་ཞབས་ཞུའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་ངེས་ཡིན། ང་ཚོས་དྲན་གསོའི་སྐྱེད་ཚལ་གཞི་རྟེན་དུ་བྱས་ཏེ་གསར་བརྗེའི་ས་བོན་རྒྱུན་འཛིན་ཡག་པོ་བྱས་ནས‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དར་སྤེལ་གཏོང་གི་ཡིན”ཞེས་བཤད། སློབ་ཆེན་ལོ་རིམ་དང་པོའི་སློབ་མ་པད་མ་བསོད་ནམས་ཀྱིས“ང་ཚོ་རྟག་ཏུ་འདི་གར་ལྟ་སྐོར་དང་སློབ་སྦྱོང་ལ་ཡོང་གི་ཡོད། ལྟ་སྐོར་བྱེད་ཐེངས་རེར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྔོན་གཤེགས་དཔའ་བོ་གྲངས་ལས་འདས་པས་ཚེ་སྲོག་ལེགས་སྐྱེས་ཕུལ་ནས་བྱུང་བ་ཞིག་ཡིན་པས། ང་ཚོས་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས་པ་རང་ཉིད་ལ་དྲན་སྐུལ་བྱེད་ཀྱི་ཡོད”ཅེས་བཤད།