འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་2ཉིན།

༄༅།།ལྷ་སར་རྫོང་རིམ་པ་ཡན་གྱི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་167ཡོད་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་02ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྷ་སར་རྫོང་རིམ་པ་ཡན་གྱི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་167ཡོད་པ།
    མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་ཟླ་3ཚེས་30ཉིན་གསལ་བསྒྲགས་བྱས་དོན། གྲོང་ཁྱེར་དེས་2005ལོ་ནས་དངོས་མིན་རིག་གནས་སྲུང་སྐྱོང་ལས་དོན་སྤེལ་བ་ནས་བཟུང་། རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མིང་ཐོའི་མ་ལག་རིམ་བཞིན་ཆགས་པ་རེད། མིག་སྔའི་བར། གྲོང་ཁྱེར་དེར་རྫོང་རིམ་པ་ཡན་གྱི་དངོས་མིན་རིག་གནས་ཤུལ་བཞག་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་167ཟིན་པ་དང་། རྫོང་རིམ་པ་ཡན་གྱི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པ་221ཡོད། དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལ་སྲོལ་རྒྱུན་ལག་རྩལ་དང་ཞབས་བྲོ། རོལ་དབྱངས། ཟློས་གར། མཛེས་རྩལ། དམངས་སྲོལ། འགྲན་རྩལ། སྨན་རྫས་སོགས་རིགས་ཆེན་པོ་བཅུ་ཡོད། གཞི་རྩའི་ཆ་ནས་གྲོང་ཁྱེར་ཡོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཚང་མ་ཞིབ་བཤེར་མཐའ་གསལ་བྱུང་ཡོད།
【1】  【2】  【3】
༄༅།།ལྷ་སར་རྫོང་རིམ་པ་ཡན་གྱི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་167ཡོད་པ།