འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་2ཉིན།

༄༅།།བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཟུར་པ་ཚེ་རིང་དོན་གྲུབ་ཏང་གི་སྐྱིད་སྡུག་
དང་གཞུང་གི་ལས་གནས་ལས་ཕུད་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་02ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་སྔོན། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གཞིས་ཀ་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཚེ་རིང་དོན་གྲུབ་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་རྟོག་ཞིབ་བྱས་པ་རེད།
   ཞིབ་བཤེར་བྱས་འབྲས་སུ། ཚེ་རིང་དོན་གྲུབ་ཀྱི་ཕུགས་བསམ་དང་ཡིད་ཆེས་ཤོར་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་ལས་འགལ་བ་དང་། མཐའ་ཚད་ཀྱི་འདུ་ཤེས་རྩ་བ་ནས་དོར་བ། རིན་ཐང་ལྟ་བ་འཁྲུལ་བ་དང་། དཔང་ཡིག་རྫུན་མ་བཟོས་ནས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་རྒོལ་ཐབས་བྱས། གཞུང་དོན་དྲང་བདེན་གྱིས་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་ལེགས་སྐྱེས་བླངས་པ། འགན་འཁྲིའི་བསམ་པ་མེད་པས། གཞུང་དབང་རྒྱུ་ནོར་ལ་གྱོང་གུན་བཟོས། ཁྲིམས་འགལ་ངང་མེ་མདའ་ཉར་བ། ལག་གི་དབང་ཆ་དེ་སྒེར་གྱི་ཁེ་ཕན་གཉེར་བའི་ལག་ཆར་བསྒྱུར་ནས། གཞུང་དབང་མ་དངུལ་གཡོ་ལེན་བྱས་པ་དང་། འཛེམ་བག་མེད་པར་ལྐོག་རྔན་བླངས་ཡོད།
   ཚེ་རིང་དོན་གྲུབ་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན། ལས་ཀའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་བ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བས། ལས་ཐོག་ཁྲིམས་འགལ་ཡིན་པ་མ་ཟད། ལྐོག་ཟོས་ནག་ཉེས་དང་། ལྐོག་རྔན་བླངས་པའི་ནག་ཉེས། ཁྲིམས་འགལ་ངང་མེ་མདའ་དང་མདེལ་རྫས་ལྐོག་ཉར་བྱས་པའི་ནག་ཉེས་བཅས་ཀྱི་ཉེས་གསོག་དོགས་གཞི་ཡོད་ཅིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་སུ་རང་ཚོད་མི་འཛིན་པ་དང་མཚམས་མི་འཇོག་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ལའང་ཁྲེལ་མེད་པ་དང་མཚམས་འཇོག་མི་ཤེས་པས། ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་བོད་རང་སྐྱོང་ལྗོངས་ཏང་ཨུད་ལ་ཆོག་མཆན་ཞུས་ནས། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཚེ་རིང་དོན་གྲུབ་ལ་ཏང་གི་སྐྱིད་སྡུག་ནས་ཕུད་རྒྱུའི་གཏན་འབེབས་བྱས་པ་དང་། བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གཞུང་གི་ལས་གནས་ནས་ཕུད་པའི་ཆད་པ་བཅད། ཁོའི་སྒྲིག་འགལ་ཁྲིམས་འགལ་གྱི་ཡོང་འབབ་དག་རྩིས་ལེན་བྱས་ཤིང་། ཁོའི་ཉེས་བསགས་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱས་པ་དང་། དེ་དང་འབྲེལ་ཡོད་ཀྱི་རྒྱུ་རྫས་དག་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱས་ཡོད།
   ཚེ་རིང་དོན་གྲུབ་ཀྱི་ལོ་རྒྱུས་མདོར་བསྡུས།
    ཚེ་རིང་དོན་གྲུབ། སྐྱེས་པ། བོད་རིགས། 1962ལོའི་ཟླ་12པར་སྐྱེས། གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནས་ཡིན། 1978ལོའི་ཟླ་8པར་ལས་ཀར་ཞུགས། 1984ལོའི་ཟླ་8པར་ཀྲུང་གོའི་གུང་ཁྲན་ཏང་ནང་དུ་ཞུགས། ཆེད་ཚན་སློབ་ཆེན་གྱི་སློབ་རྒྱུས་ལྡན།
   1978ལོའི་ཟླ་8པ་ནས་1990ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་རིན་སྤུངས་རྫོང་སྤྱི་བདེ་ཅུས་ཀྱི་ལས་བྱེད་པ།
    1990ལོའི་ཟླ་12པ་ནས་1993ལོའི་ཟླ་5པའི་བར། བོད་རང་སྐྱོང་ལྗོངས་གཉའ་ནང་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ།
   1993ལོའི་ཟླ་5པ་ནས་1995ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་གཉའ་ནང་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་།
   1995ལོའི་ཟླ་12པ་ནས་1997ལོའི་ཟླ་5པའི་བར། བོད་རང་སྐྱོང་ལྗོངས་པ་སྣམ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་།
   1997ལོའི་ཟླ་5པ་ནས་2000ལོའི་ཟླ་10པའི་བར། བོད་རང་སྐྱོང་ལྗོངས་པ་སྣམ་རྫོང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་།
   2000ལོའི་ཟླ་10པ་ནས་2003ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཏང་ཨུའི་ཧྲུའུ་ཅི། ཅུས་ཀྲང་།
   2003ལོའི་ཟླ་12པ་ནས་2005ལོའི་ཟླ་3པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་གཞིས་རྩེ་གྲོང་ཁྱེར་གྲོང་ཨུའི་ཧྲུའུ་ཅི་གཞོན་པ།
   2005ལོའི་ཟླ་3པ་ནས་2008ལོའི་ཟླ་11པའི་བར། བོད་རང་སྐྱོང་ལྗོངས་གམ་པ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན།
   2008ལོའི་ཟླ་11པ་ནས་2011ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་གམ་པ་རྫོང་ཨུའི་ཧྲུའུ་ཅི།
   2011ལོའི་ཟླ་12པ་ནས་2014ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་གམ་པ་རྫོང་ཨུའི་ཧྲུའུ་ཅི།(ས་གནས་རིམ་པ་གཞོན་པ།)
   2014ལོའི་ཟླ་12པ་ནས་2015ལོའི་ཟླ་6པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བསམ་འགྲུབ་རྩེ་ཆུས་ཆུས་ཨུའི་ཧྲུའུ་ཅི་གཞོན་པ། ཆུས་ཀྲང་།
   2015ལོའི་ཟླ་6པ་ནས་2018ལོའི་ཟླ་11པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྣམ་གླིང་རྫོང་རྫོང་ཨུའི་ཧྲུའུ་ཅི།
   2018ལོའི་ཟླ་11པ། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།
   2020ལོའི་ཟླ12པར་གོ་གནས་འཐེན་པ།