འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་2ཉིན།

༄༅།།ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་ལྡན་པའི་རྣམ་
གྲངས་འགྲེམས་སྟོན་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་02ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། འོ་ཐང་གི་མཆོག་ནོར་ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་འགྲེམས་སྟོན་བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་པ་རེད།
   ད་ཐེངས་ཀྱི་འགྲེམས་སྟོན་གྱི་དམིགས་ཡུལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། མི་རིགས་ཀྱི་དྲན་འཆར་རྒྱུན་འཛིན་བྱེད་པ། རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ནང་ཞུགས་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
   འགྲེམས་སྟོན་བྱ་ཡུལ་ནས་འགྲེམས་སྟོན་དེ་ཁག་8ལ་དབྱེ་ཡོད་ཅིང་། དེའི་ནང་ལོ་གསར་མེ་ཏོག་གི་ཚོས་རྒྱག་སྟངས་དང་། སྙེ་བྲིས། ལྷ་སའི་ཤིང་བརྐོས་ལག་རྩལ། ལྷ་མོའི་འཁྲབ་ཆས་འཚེམ་སྟངས་སོགས་ལྷ་ས་གྲོང་ཁྱེར་གྱི་མཚོན་བྱེད་རང་བཞིན་ལྡན་པའི་སྲོལ་རྒྱུན་ལག་རྩལ་འགྲེམས་སྟོན་བྱས་པ་གསར་འགོད་པས་མཐོང་བྱུང་། འགྲེམས་སྟོན་དེར་ཁྱོན་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་དངོས་169འགྲེམས་སྟོན་བྱས་ཤིང་། དེ་དག་སྲོལ་རྒྱུན་གྱི་ཞབས་བྲོ་དང་། རོལ་དབྱངས། ཟློས་གར། མཛེས་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་20ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་2021ལོའི་ཟླ་4ཚེས་30ཉིན་བར་རྒྱུན་མཐུད་རྒྱུ་ཡིན་པ་རེད།