འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་2ཉིན།

༄༅།།“སྐུ་ཉིད་ཡིད་དུ་འོང་བའི་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ལ་ཕེབས་པར་དགའ་བསུ་ཞུ”ཞེས་
པའི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་02ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། “སྐུ་ཉིད་ཡིད་དུ་འོང་བའི་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ལ་ཕེབས་པར་དགའ་བསུ་ཞུ”ཞེས་པའི་རིམ་སྤེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་ཆན་ཙི་ཡོན་ཞིང་ལས་ཚན་རྩལ་དངོས་མང་ཁང་དུ་འཚོགས་ཤིང་། མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་ཞིང་ཨུད་ཀྱི་དྲུང་ཆེ་ཡུས་ཚུང་ལེ་དང་། ཧྲེང་ཀྲང་གཞོན་པ་དབྱང་ཧྥེང་ཁྲུན་རྣམ་གཉིས“སྐུ་ཉིད་ཡིད་དུ་འོང་བའི་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ལ་ཕེབས་པར་དགའ་བསུ་ཞུ”ཞེས་པའི་རིམ་སྤེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། “སྐུ་ཉིད་ཡིད་དུ་འོང་བའི་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ལ་ཕེབས་པར་དགའ་བསུ་ཞུ”ཞེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་དོན་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཐོག་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་དེད་གཏོང་བ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ནས། མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱ་རྒྱུ་དེ་ཡིན་པ་རེད།
   འགོ་ཚུགས་མཛད་སྒོ་འཚོག་ཡུལ་དུ“སྐུ་ཉིད་ཡིད་དུ་འོང་བའི་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ལ་ཕེབས་པར་དགའ་བསུ་ཞུ”ཞེས་པའི་ཡུལ་སྐོར་ལམ་ཐིག་དང་དེ་བཞིན་གཟིགས་སྐྱོང་བྱེད་ཐབས་འདོན་པ་དང་། ཡུལ་སྐོར་དབུལ་སྐྱོར་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་བགོ་འགྲེམས་མཛད་སྒོ་ཚོགས་པ་སོགས་བྱས་ནས། ཐེངས་འདིའི་བྱེད་སྒོའི་སྐྱེ་ཁམས་ཡུལ་སྐོར་དང་ཡུལ་སྐོར་དབུལ་སྐྱོར་གྱི་བཀྲག་མདངས་འཚེར་ས་སྔར་བས་མངོན་པར་བྱས་པ་རེད།