འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་1ཉིན།

༄༅།།ཀྲུང་གོར་བཅའ་སྡོད་BBCགསར་འགོད་པ་འབྲོས་དོན་ཅི་ཡིན། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་01ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཚེས་31ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་ཀྲུང་གོར་བཅའ་སྡོད་BBCཡི་གསར་འགོད་པ་ཧྲ་ལེ་ལས་གནས་ནས་བྲལ་བའི་ཐད་ལ་བསྟན་དོན། ཧྲ་ལེ་ལས་གནས་ནས་འབྲལ་བ་དེ་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གསར་འགོད་པ་ལས་གནས་ནས་འབྲལ་བའི་འགྲོ་ལུགས་འགྲིམ་མེད་ཅིང་། བརྡ་མ་བཏང་བར་ཕྱིར་ལོག་པ་རེད། ཤིན་ཅང་གི་མང་ཚོགས་དང་དངོས་ཚན་ཁ་ཤས་ཀྱིས་ཧྲ་ལེ་ཡིས་ཤིན་ཅང་དང་འབྲེལ་ཡོད་ཀྱི་གསར་འགྱུར་རྫུན་མ་བཟོས་པའི་ཐད་གཏུག་བཤེར་བྱ་རྩིས་ཡོད་ཅིང་། དེ་ནི་དམངས་ཁྲོད་ཀྱི་བྱ་སྤྱོད་ཅིག་ཡིན་ལ། མང་ཚོགས་ཀྱིས་ཁྲིམས་ལུགས་ཀྱི་ཐབས་ལམ་ལ་བརྟེན་ནས་རང་ཉིད་ཀྱི་མཚན་སྙན་དང་ཁེ་དབང་སྲུང་སྐྱོང་བྱས་པ་རེད། གལ་ཏེ་ཧྲ་ལེ་ཡིས་རང་ཉིད་ཀྱིས་སྤེལ་བའི་གསར་འགྱུར་ནི་དྲང་བདེན་ཡིན་པར་འདོད་ན། སྤོབས་པ་ཆེན་པོས་གཏུག་ལན་འདེབས་དགོས་ལ་འབྲོས་དགོས་དོན་མེད། དེ་ལས་གནད་དོན་ཅི་ཞིག་མཚོན་ཡོད་དམ། ཧྭ་ཁྲུན་དབྱིང་གིས། BBCཡིས་ཆ་འཕྲིན་རྫུན་མ་མང་པོ་སྤེལ་བས། ཀྲུང་གོའི་མི་དམངས་ཀྱིས་ངོ་རྒོལ་དྲག་པོ་བཏང་བ་རེད། BBCཡིས་རྒྱལ་སྤྱིའི་གྲོས་གཞིའི་ཐད་དུ་རྫུན་གཏམ་བཟོས་པའི་བྱ་སྤྱོད་ལ་ཐ་ན་BBCནང་ཁུལ་གྱི་མི་རྣམས་ཀྱིས་ཀྱང་བལྟ་མི་འདོད་པའི་གནས་སུ་སླེབས་ཡོད་ཟེར།