འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་1ཉིན།

༄༅།།བྱང་ཐང་གི་སྡོང་པོ་འཛུགས་མཁན་བསོད་ནམས་ནོར་བུ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་01ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བྱང་ཐང་གི་སྡོང་པོ་འཛུགས་མཁན་བསོད་ནམས་ནོར་བུ།
   མི་དམངས་དྲ་བའི་འཕྲིན། ད་ལོར་ལོ་44ཡིན་པའི་བསོད་ནམས་ནོར་བུ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ལས་བྱེད་པ་དཀྱུས་མ་ཞིག་རེད། 2012ལོ་ནས་བཟུང་། ཁོང་གིས་རང་གི་སྒོར་མོ་བཏང་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ལྷག་ལྡན་པའི་འདམ་གཞུང་རྫོང་རྒྱས་དར་ཤང་དུ་སྡོང་འཛུགས་འགོ་རྩོམ་པ་ནས་ད་ལོའི་བར་སྡོང་པོ་ཁྲི་2ལྷག་བཙུགས་ཡོད་པ་རེད།
   ཤིང་སྡོང་འཛུགས་རྒྱུ་ནི་བསོད་ནམས་ནོར་བུའི་ཆུང་དུས་ཀྱི་ཕུགས་འདུན་ཞིག་རེད། ལོ་9ཡི་རིང་། ཁོང་གིས་རིགས་གཅིག་མཁས་པ་ལ་བཀའ་འདྲི་ཞུས་ནས། རྒྱ་མཚོའི་ངོས་ལས་ས་བབས་མཐོ་བའི་སྐམ་ཤས་ས་ཁུལ་ལ་འཚམ་པའི་སྡོང་པོའི་རིགས་མང་པོ་ཚོད་ལྟའི་སྒོ་ནས་འདེབས་འཛུགས་བྱས་ཡོད། ནུས་ཤུགས་ཡོད་ན་མུ་མཐུད་ནས་སྡོང་པོ་འཛུགས་རྒྱུ་ཡིན་ཞེས་ཁོང་གིས་གསུངས་པ་རེད། འདི་ནི་ཟླ་3ཚེས་30ཉིན་བསོད་ནམས་ནོར་བུས་སྡོང་པོ་ལ་བྱི་འགོག་ཤུབས་གཡོག་བཞིན་པ།
【1】  【2】
༄༅།།བྱང་ཐང་གི་སྡོང་པོ་འཛུགས་མཁན་བསོད་ནམས་ནོར་བུ།