འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་30ཉིན།

༄༅།།ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་འཇའ་ཐང་རྩྭ་ཐང་དུ་ལོག་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་30ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་འཇའ་ཐང་རྩྭ་ཐང་དུ་ལོག་པ།
   མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན་གྱི་ཆུ་ཚོད་2ཐོག གསར་འགོད་པ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲེན་འདུ་རྫོང་དྲན་ཆེན་གྲོང་རྡལ་འཇའ་ཐང་དུ་སླེབས། ཡུལ་དེའི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་མི་སྣ་ཚེ་འཕེལ་དང་མཉམ་དུ་འདམ་ར་རུ་བསྐྱོད་རྗེས། ད་ལོའི་ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་དེ་ཟླ་3ཚེས་10ཉིན་འཇའ་ཐང་དུ་སླེབས་ཡོད་པ་དང་། མིག་སྔའི་བར་ཁྱུ་ཚོགས་ཆེས་ཆེ་བ་ལ་བྱ་58ཡོད་པ་ཤེས།
   ཁྲུང་ཁྲང་སྐེ་ནག་ནི་མཐོ་སྒང་གི་སྣོད་བཅུད་འགྱུར་ལྡོག་ལ་མཛུབ་སྟོན་རང་བཞིན་ལྡན་པའི་སྲོག་ཆགས་ཤིག་རེད་ལ། གོ་ལ་ཧྲིལ་བོའི་ཁྲུང་ཁྲུང་རིགས་བཅོ་ལྔའི་ཁྲོད་མཚོ་བོད་མཐོ་སྒང་དུ་སྐྱེས་འཕེལ་དང་འཚོ་གནས་བྱེད་པའི་ཁྲུང་ཁྲུང་རིགས་གཅིག་པུ་དེ་རེད། དུས་རྒྱུན་དུ། ཁྲུང་ཁྲུང་སྐེ་ནག་ལོ་རེའི་ཟླ་3པའི་ཟླ་སྨད་ལ་འཇའ་ཐང་དུ་ལོག་ཡོང་བ་དང་། ཟླ་4པ་དང་ཟླ་5པའི་ནང་ཚུན་རིགས་ཁྱུ་ཆེས་མང་བའི་དུས་རེད། དེ་ནས་ཟླ་10པའི་ཟླ་མཇུག་མཚམས་ལ་འཇའ་ཐང་ནས་ཕྱིར་འཕུར་འགྲོ་གི་ཡོད།
   ཚེ་འཕེལ་གྱིས་གསར་འགོད་པ་ལ་བཤད་དོན། ཉེ་བའི་ལོ་3ཚུན། ཁྲུང་ཁྲུང་སྐེ་ནག་མང་པོ་དཔྱིད་དུས་སུ་འཇའ་ཐང་དུ་བབ་སྡོད་ཡོང་བ་མ་ཟད། ད་དུང་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་དེ། ན་ནིང་ལོར་700ལྷག་བྱུང་ཡོད། མིག་སྔར། རྫོང་དེས་ཁྲུང་ཁྲུང་སྐེ་ནག་གཅིག་འདུས་ཁུལ་ལྟ་ཞིབ་ས་ཚུགས་3བཙུགས་ཡོད་པ་དང་། ས་གནས་དེ་གའི་འབྲོག་མི་ལྟ་ཞིབ་མི་སྣ་བསྡུས་ཡོད། དམར་ཕྱིའི་ཐིག་གི་པར་ཆས་བེད་སྤྱོད་བྱས་ནས་ལྟ་ཞིབ་སྲུང་སྐྱོང་བྱེད་ཀྱི་ཡོད།འབྲེལ་ཡོད་མཁས་དབང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འཇའ་ཐང་ནི་ཁྲུང་ཁྲུང་སྐེ་ནག་གི་བབ་སྡོད་བྱེད་ས་འགྱུར་མིན་ཐད།ད་དུང་ལོ་3ནས་ལོ་5བར་རྒྱུན་མཐུད་ནས་ལྟ་ཞིབ་བྱེད་དགོས།
དུས་མཚུངས་སུ། གསར་འགོད་པས་འཇའ་ཐང་ལྟེ་བའི་འདམ་གཞོང་དང་འདམ་ར། རི་མཐོ་སྤང་ཐང་བཅས་སུ་ད་དུང་ཁྲུང་ཁྲུང་མགོ་ཁྲ་དང་ངུར་པ། ཝ། དགོ་བ། གཡི་སོགས་མཐོ་སྒང་གི་རྩ་ཆེའི་རི་དྭགས་མང་པོ་མཐོང་བྱུང་།
༄༅།།ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་འཇའ་ཐང་རྩྭ་ཐང་དུ་ལོག་པ།
༄༅།།ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་འཇའ་ཐང་རྩྭ་ཐང་དུ་ལོག་པ།