འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་30ཉིན།

༄༅།།དཀར་མཛེས་མཛེས་མའི་ལུང་དུ་མེ་ཏོག་བཞད་པའི་སྒང་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་30ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དཀར་མཛེས་མཛེས་མའི་ལུང་དུ་མེ་ཏོག་བཞད་པའི་སྒང་རེད།

   མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་29ཉིན། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་དུ་ལྟ་སྐོར་གྱི་དུས་བཟང་ཤོར་མི་རུང་བའི་དཔྱིད་ཀྱི་དཔལ་ཡོན་བཞད་ཡོད།
   རོང་བྲག་རྫོང་ལ་“རྒྱལ་མོ་རྔུལ་ཆུའི་གྲོང་ཁྱེར་དང་པོ”དང་“མཛེས་མའི་ལུང་པ”ཞེས་འབོད་སྲོལ་ཡོད། མིག་སྔར། རྫོང་ཁོངས་ཀྱི་ཡུལ་ཀུན་ཏུ་ལི་ཡི་མེ་ཏོག་རབ་ཏུ་བཞད་ཅིང་། མཁའ་དབུགས་ཁྲོད་མེ་ཏོག་གི་དྲི་ཞིམ་འཐུལ་ལ།མེ་ཏོག་གི་འདབ་མས་རི་ངོས་དང་ཆུ་རོང་ཀུན་བརྒྱན་ཞིང་རོང་བྲག་རྫོང་གི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རྒྱ་རོང་བོད་མིའི་ཁང་པ་དང་བོད་སྡེའི་རྫོང་མཁར་ཐོག་ཏུའང་ལྷུང་བཞིན་འདུག
རོང་བྲག་རྫོང་བརྒྱ་གཅིག་བོད་སྡེར་སླེབས་དུས། མིག་ལམ་དུ་མཐོང་རྒྱུ་ནི་དུང་ལྟར་དཀར་བའི་ལི་ཡི་མེ་ཏོག་དང་། འཛུལ་མདངས་མེ་ཏོག་ལས་མཛེས་པའི་བོད་པའི་བུ་མོ་ཚོ་རེད། ཡུལ་སྐོར་བའི་སེམས་པར་བོད་སྡེའི་རང་བྱུང་མཛེས་ལྗོངས་དེ་ནི་མི་རྣམས་ཀྱི་ཡིད་ལ་སྨོན་པའི་སྙན་ངག་ཁྲོད་ཀྱི་ཡུལ་ཁམས་རེད་སྙམ་པའི་ཚོར་སྣང་ཟབ་མོ་སྐྱེ།

 

【1】  【2】  【3】  【4】
༄༅།།དཀར་མཛེས་མཛེས་མའི་ལུང་དུ་མེ་ཏོག་བཞད་པའི་སྒང་རེད།