འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་26ཉིན།

༄༅།།འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་རིམས་འགོག་སྨན་ཁབ་དྲང་གཞག་ངང་བགོ་
རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་འབོད་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་26ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་46པའི་ཐོག་ཨ་ཟེར་བྷེ་ཇན་དང་ཨེ་ཁྭ་ཏོར་སོགས་ཀྱིས་མཉམ་དུ་བཏོན་པའི“རྒྱལ་ཁབ་ཚང་མར་དྲང་གཞག་དང་དུས་ཐོག་ཏུ་རིམས་འགོག་སྨན་ཁབ་རག་པ་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འགན་ལེན་བྱ་རྒྱུའི”གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་ལ་གྲོས་འཆམ་མ་བྱུང་གོང་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་གྱི་སྐུ་ཚབ་ཁྲེན་ཤུས་ཀྱིས་རིམས་འགོག་སྨན་ཁབ་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་མཚོན་ཆ་ནུས་ལྡན་ཞིག་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རིམས་འགོག་སྨན་ཁབ་དྲང་གཞག་ངང་བགོ་བཤའ་རྒྱུག་རྒྱུར་སྐུལ་འདེད་གཏོང་གི་ཡོད་ཅེས་བརྗོད།
   ཁྲེན་ཤུས་ཀྱིས། ཀྲུང་གོ“ཏོག་གསར་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞིའི”ནང་ཞུགས་ཟིན་པ་དང་། ཁག་དང་པོར་རིམས་འགོག་སྨན་ཁབ་ཁྲི་1000མཁོ་འདོན་བྱ་རྒྱུའི་ཁས་བླངས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དགོས་མཁོ་བསྐང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་དང་། ཀྲུང་གོས་རིན་མེད་ངང་མཁོ་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བཅུ་གྲངས་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱས་པ། ཀྲུང་གོས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབོད་སྐུལ་དང་ལེན་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་མི་སྣར་རིམས་འགོག་སྨན་ཁབ་ཞལ་འདེབས་བརྒྱབ་པ་བཅས་བྱས་ཡོད་ཅེས་བརྗོད།
   ཁྲེན་ཤུས་ཀྱིས། ཀྲུང་གོས“རིམས་འགོག་སྨན་ཁབ་མི་རིགས་རིང་ལུགས”དང་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ཆབ་སྲིད་ཅན་དུ་འགྱུར་བའི་ལྐོག་གཡོ་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། གྲོས་ཆོད་ནང་རྒྱལ་ཁབ་ཁག་གིས་རིམས་འགོག་སྨན་ཁབ་དྲང་གཞག་ངང་ཡོངས་ཁྱབ་དང་ཚེ་སྲོག་གི་དབང་ཆ་དང་བདེ་ཐང་གི་དབང་ཆར་མཐོང་ཆེན་དང་འགན་ལེན་གྱི་ལངས་ཕྱོགས་གསལ་པོར་མངོན་ཡོད་ལ། ཕྱི་ཕྱོགས་སུ་མཉམ་དུ་རིམས་ནད་ལ་འགོག་རྒོལ་དང་དུས་ངན་མཉམ་སེལ་བྱེད་པའི་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་ཡོད། ཀྲུང་གོས་གྲོས་ཆོད་དེར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། མཉམ་དུ་མིང་རྟགས་ཀྱང་འགོད་རྒྱུ་ཡིན་ཞེས་བརྗོད།