འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་23ཉིན།

༄༅།།ཀྲུང་གོས་བཀག་སྡོམ་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་23ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་3ཚེས་22ཉིན། ཡོ་རོབ་མནའ་འབྲེལ་གྱི་རྫུན་གཏམ་དང་ཆ་འཕྲིན་རྫུན་མ་ལ་གཞིགས་ནས། ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞེས་པར་ཁ་གཡར་ཏེ་ཀྲུང་གོའི་འབྲེལ་ཡོད་མི་སྒེར་དང་དངོས་ཚན་ལ་ཕྱོགས་གཅིག་གི་བཀག་སྡོམ་བྱས་པ་རེད། ཡོ་རོབ་ཕྱོགས་ཀྱི་བྱ་སྤྱོད་དེས་དོན་དངོས་ལ་མ་བལྟས་པར་དཀར་ནག་གོ་ལྡོག་བྱས་ནས་ཀྲུང་གོའི་ནང་སྲིད་ལ་བཙན་ཤེད་ངང་ཐེ་ཇུས་བྱས་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་མངོན་སུམ་འཛེམ་མེད་ངང་འགལ་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་གནོད་རྐྱེན་ཚབས་ཆེན་བཟོས་ཡོད། དེའི་ཐད་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ནི་འགྱུར་མེད་བརྟན་པོ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་ལ་ཀྲུང་གོ་ཕྱོགས་ཀྱི་བདག་དབང་དང་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་། ངན་སེམས་བཅངས་ནས་རྫུན་གཏམ་དང་ཆ་འཕྲིན་རྫུན་མ་བརྒྱུད་བསྒྲགས་བྱས་མཁན་མི་10དང་དངོས་ཚན་4ལ་བཀག་སྡོམ་བྱ་རྒྱུའི་གཏན་འབེབས་བྱ་རྒྱུ་སྟེ། ཡོ་རོབ་གྲོས་ཚོགས་ཀྱི་གྲོས་མི་ཕིང་ཏི་ཁོ་ཧྥེར་དང་། ཀའེ་ལུ། ཀེ་ལུའུ་ཁེ་སི་མན། ཁུའུ་ཁྲུའུ་ཁེ། ལེ་ཁེ་སི་མན། ཧོ་ལན་གྲོས་ཚོགས་ཀྱི་གྲོས་མི་ཧྲིར་ཚེ་མཱ། པེར་ཀྲེམ་གྲོས་ཚོགས་ཀྱི་གྲོས་མིས་ཁེ་ཀེ་ལ་ཏི། ལི་ཐུ་ཝན་གྲོས་ཚོགས་ཀྱི་གྲོས་མི་ས་ཁ་ལི་ཨེ་ནེ། འཇར་མན་གྱི་རིག་གནས་པ་ཀྲེན་གོ་ཨེན། སུའེ་ཏེན་གྱི་རིག་གནས་པ་ཡེ་པིང་དབྱང་། ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཆབ་སྲིད་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་། ཡོ་རོབ་གྲོས་ཚོགས་འགྲོ་བ་མིའི་ཐོབ་ཐང་ཡན་ལག་ཨུ་ཡོན་ལྷན་ཁང་། འཇར་མན་མོ་ཁཱ་ཐའོ་ཀྲུང་གོ་ཞིབ་འཇུག་ལྟེ་གནས། ཏེན་མག་དམངས་གཙོ་མཉམ་འབྲེལ་ཐེབས་རྩ་ཚོགས་པ་བཅས་ཡོད། འབྲེལ་ཡོད་མི་སྣ་དང་ཁོང་ཚོའི་ཁྱིམ་མི་རྣམས་ཀྲུང་གོའི་ནང་ས་དང་དེ་བཞིན་དུ་ཤང་ཀང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ཡོང་མི་ཆོག་པའི་བཀག་སྡོམ་བྱེད་པ་དང་། ཁོང་ཚོ་དང་འབྲེལ་ཡོད་ཁེ་ལས། སྒྲིག་གཞི་ལའང་ཀྲུང་གོ་དང་ཕན་ཚུན་འགྲོ་འོང་བཀག་སྡོམ་བྱས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་ཀྱིས་ནོར་འཁྲུལ་གྱི་ཚབས་ཆེན་རང་བཞིན་ཤེས་རྟོགས་བྱས་ནས། རང་སྐྱོན་རང་འཚོལ་དང་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་“འགྲོ་བ་མིའི་ཐོབ་ཐང་གི་སློབ་དཔོན་”ཡིན་མ་བསམ། གཡོ་ཟོལ་གྱི་ཚད་གཞི་ཉིས་བརྩེགས་མ་སྤྱོད། ཕྱོགས་བཞི་མཚམས་བརྒྱད་ནས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་ཇུས་མ་བྱེད། ནོར་འཁྲུལ་གྱི་བགྲོད་ལམ་ཐོག་རྒྱང་རིང་དུ་མ་སྐྱོད། དེ་འདྲ་མ་བྱས་ཚེ། ཀྲུང་གོ་ཕྱོགས་ཀྱིས་སྔར་བས་བློ་ཐག་ཆོད་པོའི་ཨ་ལན་སློག་ངེས་ཡིན།