འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་22ཉིན།

༄༅།།སྟབས་ཡག་པ་དེ་རྫུན་མ་རེད་འདུག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་22ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྟབས་ཡག་པ་དེ་རྫུན་མ་རེད་འདུག
   མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་རྩི་ཤིང་སྲུང་སྐྱོང་སིའི་སི་ཀྲང་གཞོན་པ་ཝང་ཙེ་མིང་གིས་ཚེས་20ཉིན་བསྟན་དོན། ཉེ་སྔོན་གློག་རྡུལ་ཚོང་ལས་སྟེགས་བུ་མང་པོ་ཞིག་གིས་གཙོད་བལ་གྱི་དཔུང་རས་འཚོངས་ཤིང་། རིན་གོང་མཐོ་ཤོས་ལ་སྒོར་ཁྲི་བཅུ་ཕྲག་ཟིན་ཞེས་དྲ་ཐོག་ཏུ་བརྒྱུད་བསྒྲགས་བྱེད་པར་དམིགས་ནས། རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་རྩི་ཤིང་སྲུང་སྐྱོང་སི་ཡིས་མགྱོགས་པོས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་འབྲེལ་ཐོག་ནས་དྲ་བ་ཡོངས་ལ་རྟོག་ཞིབ་བྱས་པ་རེད།
    རྟོག་ཞིབ་བྱས་འབྲས་ལས་མངོན་གསལ་བྱུང་དོན། “གཙོད་བལ”ཟེར་བ་དེ་གཙོད་ངོ་མའི་བལ་རེད་མི་འདུག དེ་ནི་ནེ་པ་ལ་དང་རྒྱ་གར་ནས་ཐོན་པའི་སྤུས་ཚད་ལེགས་པའི་རའི་བལ་གྱི་ཐོན་རྫས་རེད་འདུག དྲ་ཐོག་ཏུ་རིན་གོང་མཐོ་ཤོས་ལ་མི་དམངས་ཤོག་སྒོར་ཁྲི་ལྔ་དྲུག་ཙམ་རེད་འདུག གཞན་ཡང་། དྲ་ཐོག་ཏུ་ཚོང་པ་འགའ་རེས་ཐད་གཏོང་བརྙན་ལམ་ནང་སྟོན་པའི་གཙོད་ཀྱི་པར་རིས་ནི་ཉོ་མཁན་འགུགས་ཆེད་དུ་ནོར་ཁྲིད་བྱས་པ་ཞིག་རེད། རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་རྩི་ཤིང་སྲུང་སྐྱོང་སི་ཡིས་རྟོག་ཞིབ་བྱས་འབྲས་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ལ་བརྡ་ཁྱབ་བཏང་ནས། འབྲེལ་ཡོད་དྲ་ཐོག་ཚོང་ཁང་གིས་ཁྱབ་རྡལ་རྫུན་མ་སྤེལ་བའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་དགོས་པའི་རེ་བ་བཏོན་ཡོད།