འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་18ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་
46པའི“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་
སྐྱོང”གི་དྲ་ཐོག་ཞར་བྱུང་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་18ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་46པའི“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང”གི་བརྗོད་དོན་གཙོ་བོའི་ཞར་བྱུང་ཚོགས་འདུ་ཉེ་ཆར་བརྙན་ལམ་ནས་འཚོགས་པ་དང་། ཚོགས་ཞུགས་འཐུས་མི་ཚོས་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་དང་། དབུལ་པོ་ཉུང་དུ་གཏོང་བ། བདེ་ཐང་། ཕོ་མོ་འདྲ་མཉམ། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་བརྗོད་གཞིར་དམིགས་ཏེ་སྤེལ་རེས་གཏིང་ཟབ་བྱས་པ་རེད།
   ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་ཞར་བྱུང་ཚོགས་འདུ་ཀྲུང་གོ་འཆར་ལྡན་བུ་བཙའ་མཐུན་ཚོགས་དང་ཀྲུང་གོ་མི་འབོར་དང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་ཐུན་མོང་ཐོག་གཉེར་བ་དང་། ཀྲུང་གོ་དང་། ཐེ་ལན། ཨུ་རུ་སུ། ཨེ་ཅིབ། སར་པི་ཡ། ཐ་ཇིག་སི་ཐན། ཧ་སག་སི་ཐན། ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ཁུར་བ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་བགྲོ་གླེང་ལ་ཞུགས་ཡོད་ཅིང་། ད་དུང་རྒྱལ་ཁབ་ཕྱི་ནང་གི་མི་བརྒྱ་ལྷག་ཙམ་དྲ་ཐོག་ཚོགས་འདུར་ཞུགས་པ་རེད།
   འཐུས་མི་ཚོས་ཀྲུང་གོའི་གྲངས་ཉུང་མི་རིགས་ས་ཁུལ་དང་ལྷག་པར་དུ་ཤིན་ཅང་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། གྲངས་ཉུང་མི་རིགས་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་། བདེ་ཐང་། སློབ་གསོ་ཐོབ་པའི་ཆུ་ཚད་བཅས་སྤྱིར་ན་མཐོ་རུ་ཕྱིན་ནས་འཕེལ་རྒྱས་ཀྱི་དབང་ཆ་དང་བདེ་ཐང་གི་དབང་ཆ་སོགས་ཀྱི་དབང་ཆར་འགན་ལེན་བྱུང་ཡོད་ལ། ཕོ་མོ་འདྲ་མཉམ་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་ལའང་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་མི་རིགས་ཁག་ཞི་མཐུན་མཉམ་གནས་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད། འཐུས་མི་ཚོས་གྲངས་གཞིའི་དོན་དངོས་དང་དེ་བཞིན་རང་ཉིད་ཀྱི་མྱོང་བ་ངོ་མ་བརྒྱུད་དེ་ཁུངས་དང་ལུང་དྲངས་ནས་ནུབ་ཕྱོགས་རྒྱལ་ཁབ་ཉུང་ཤས་ཀྱིས་དོན་དངོས་ལ་འཁྱོག་བཤད་དང་རྫུན་གཏམ་བཟོས་པའི་བྱེད་སྤྱོད་དམར་འདོན་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་དངོས་ཡོད་གནས་ཚུལ་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ་པར་བྱས་པ་རེད།
   ཨུ་རུ་སུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨང་དང་པོ་ཤེར་ཀེ·ས་ན་ཁེ་ཡེ་ཧྥུའུ་ཡིས་གཏམ་བཤད་སྤེལ་སྐབས། འདས་ཟིན་པའི་ལོ་20ལྷག་ཙམ་རིང་ང་ཀྲུང་གོའི་ཤིན་ཅང་དང་། བོད་ལྗོངས་ནང་སོག་སོགས་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་དུ་ཐེངས་མང་འགྲོ་མྱོང་། ས་གནས་ཁག་གི་འཕེལ་རྒྱས་ལས་ཀྲུང་གོ་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་དབང་ཆར་བརྩི་འཇོག་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་བ་གང་ལེགས་མཚོན་ཐུབ་ཅེས་བརྗོད་པ་རེད།
   ཞར་བྱུང་ཚོགས་འདུའི་ཐོག་ཐུན་མོང་གསལ་བསྒྲགས་ཁྱབ་བསྒྲགས་བྱས་པ་དང་། གསལ་བསྒྲགས་ནང་། མི་ཚང་མ་སྐྱེ་དུས་ནས་འདྲ་མཉམ་ཡིན་པ་དང་། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དེ་ཡིན་པས་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་ཐོབ་པར་བྱེད་དགོས་པ་བསྟན་ཡོད། གསལ་བསྒྲགས་ནང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང། རྒྱལ་སྤྱིའི་རྩ་འཛུགས་ཁག སྤྱི་ཚོགས་རྩ་འཛུགས་ཁག་སོགས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལྟེ་བར་བྱས་ཏེ་གྲངས་ཉུང་མི་རིགས་ཚུད་པའི་མི་དམངས་ཡོངས་འདྲ་མཉམ་ངང་ཞུགས་པའི་འགན་ལེན་བྱས་ཏེ་སྤྱི་ཚོགས་ཀྱི་འདྲ་མཉམ་དང་གཞུང་དྲང་ལ་སྲུང་སྐྱོང་བྱེད་དགོས་པའི་རེ་འབོད་བྱས་པ་རེད།