འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་16ཉིན།

༄༅།།འབྲི་ཆུའི་ཆུ་འགོའི་སྲོལ་རྒྱུན་གྲོང་ཚོ་བརྟན་སྲུང་བྱེད་མཁན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་16ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཁང་པ་དེ་ནི་དེ་སྔའི་བརྒྱ་དཔོན་གྱི་གཟིམ་ཤག་ཡིན་པ།
ཁང་པ་དེ་ནི་དེ་སྔའི་བརྒྱ་དཔོན་གྱི་གཟིམ་ཤག་ཡིན་པ།
   ལོ་40ལ་སླེབས་པའི་ཉི་མ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་འབྲི་ཆུའི་འདབས་ཀྱི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། ཁོང་གི་པ་ཕ་ནི་ས་ཆ་དེར་སྐད་གྲགས་ཆོད་པའི་སྲོལ་རྒྱུན་གྱི་བོད་བཟོའི་བཟོ་སྐྲུན་ཆེ་མོ་བ་ཞིག་རེད། ཉི་མར་ཆུང་དུས་ནས་པ་ཕའི་ཤུགས་རྐྱེན་ཟབ་མོ་ཐེབས་པའི་རྐྱེན་གྱིས་སྲོལ་རྒྱུན་གྱི་བོད་བཟོའི་བཟོ་སྐྲུན་ལ་ཧ་ཅང་དགའ་པོ་ཡོད། ཉི་མའི་བྱིས་དུས་ཀྱི་འཚོ་བ་ནི་ཕྱུགས་རྫི་དང་། ཞིང་ཁ་འདེབས་པ། པ་ཕར་ཁང་པ་རྒྱག་རོགས་བཅས་ཀྱི་ཁྲོད་དུ་བསྐྱལ།
   ཉི་མས་2015ལོར་ཡུལ་ཤུལ་ཀྲོའུ་རུ་ཡུལ་ཤུལ་གནའ་བོའི་བཟོ་སྐྲུན་སྲུང་སྐྱོང་མཐུན་ཚོགས་བཙུགས་ནས་རང་ཉིད་ཀྱིས་དངུལ་བཏང་སྟེ་ཚོགས་པ་སྒྲིག་འཛུགས་བྱས་ནས་གཙང་གསུམ་ཆུ་འགོའི་ཁུལ་གྱི་གནའ་བོའི་གྲོང་ཚོ་100ལྷག་ཙམ་ལ་ཡིག་ཚགས་བཟོས་ཡོད། དེ་དག་གི་གཞི་རྩའི་ཆ་འཕྲིན་གྲོང་སྡེ་གནས་ས་དང་བར་མཐོངས་ཀྱི་བཀོད་པ། སྲང་ལམ་ཆེ་ཆུང་དང་བཟོ་སྐྲུན་རྐྱང་པ། མཛེས་བཟོའི་ཁྱད་ཆོས་དང་དམངས་སྲོལ་སོགས་དང་འབྲེལ་བ་ཡོད།
   ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་སྲིད་གཞུང་ནས་འབྲེལ་ཡོད་ཀྱི་རོགས་སྐྱོར་བྱ་ཐབས་བཏོན་ནས་གྲོང་མིར་ཕ་ཡུལ་གྱི་བཟོ་སྐྲུན་སྤྱད་ནས་ཁྱིམ་ཚང་མགྲོན་ཁང་དང་། གནའ་བོའི་གྲོང་ཚོའི་འཚོ་བ་མྱོང་རོལ་ཁུལ། ལྟ་སྐོར་དང་ཡུལ་སྐོར་བཅས་འཕེལ་རྒྱས་གཏོང་རྒྱུའི་ལྕག་སྐུལ་བྱས་ཡོད། ཉི་མས་གནའ་བོའི་བཟོ་སྐྲུན་ཉམས་གསོའི་ནང་ཧུར་ཐག་ཞུགས་པ་དང་འབྲེལ་ས་གནས་དེ་གའི་གྲོང་མིར་གནའ་བོའི་གྲོང་ཚོའི་འཚོ་བ་མྱོང་རོལ་ཁུལ་གཏོད་རྒྱུར་རོགས་རམ་བྱས་པས། ཡུལ་སྐོར་བ་མང་པོ་ཞིག་སྲོལ་རྒྱུན་གྲོང་ཚོའི་ཁྱད་འཕགས་ཀྱི་དམངས་སྲོལ་མྱོང་རོལ་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་པ་དང་སྲོལ་རྒྱུན་གྱི་བོད་བཟོའི་བཟོ་སྐྲུན་དང་གནའ་བོའི་གྲོང་སྡེའི་རིན་ཐང་ཆེན་པོ་རིམ་བཞིན་མངོན་ཡོད།
འདི་ནི་ཁྲི་འདུ་རྫོང་ལབ་ཤང་གོ་བོ་གྲོང་ཚོའི་གོ་བོ་མཁར་རྙིང་གི་ཟུར་ཞིག་ཡིན་པ།
འདི་ནི་ཁྲི་འདུ་རྫོང་ལབ་ཤང་གོ་བོ་གྲོང་ཚོའི་གོ་བོ་མཁར་རྙིང་གི་ཟུར་ཞིག་ཡིན་པ།
འདི་ནི་ཁྲི་འདུ་རྫོང་ལབ་ཤང་ལྷ་སའི་ཐང་གྲོང་ཚོར་ཉི་མས་གེགས་རྗེས་བསྐྱར་སྐྲུན་གྱི་གྲོང་མིའི་སྡོད་ཁང་མདུན་ནས་སྐྱོད་བཞིན་པ།
འདི་ནི་ཁྲི་འདུ་རྫོང་ལབ་ཤང་ལྷ་སའི་ཐང་གྲོང་ཚོར་ཉི་མས་གེགས་རྗེས་བསྐྱར་སྐྲུན་གྱི་གྲོང་མིའི་སྡོད་ཁང་མདུན་ནས་སྐྱོད་བཞིན་པ།