འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་15ཉིན།

༄༅།།ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས། དམིགས་འཛུགས་མངགས་བཅོལ་གསོ་སྦྱོང་སློབ་མ་90
དང་གན་རྒྱ་བཞག་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་15ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་དུས་བོད་ལྗོངས་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སི་དང་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་སྤྱི་ཅུས་ཀྱིས་ཐེམ་ཁུངས་མལ་གྲོ་གུང་དཀར་ནས་ཡིན་པའི་མངགས་བཅོལ་གསོ་སྦྱོང་སློབ་མ་90ལ“ཧྥུའུ་ཀྲོའུ་སློབ་ཆེན་གྱི་མངགས་བཅོལ་གསོ་སྦྱོང་འཛིན་གྲྭའི་གསོ་སྦྱོང་ཕྱོགས་གསུམ་པའི་གྲོས་མཐུན”གྱི་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པ་རེད། ཁོ་ཚོ་ཧྥུའུ་ཀྲོའུ་སློབ་ཆེན་ཙེ་ཅིན་སློབ་གླིང་དུ་བསྐྱོད་དེ་དུས་ཡུན་ལོ་གཅིག་གི་དམིགས་འཛུགས་མངགས་བཅོལ་གསོ་སྦྱོང་ལ་ཞུགས་རྒྱུ་རེད། ཁོ་ཚོས་གཙོ་བོ“གཏེར་ཁའི་ལས་དོན་འདུ་འགོད(གཏེར་འདེམས)དང་། རྫས་འགྱུར་ལས་སྣོན(ཁོར་ཡུག་སྲུང་སྐྱོང) འཕྲུལ་ཆས་དང་གློག་ཆས་གཞི་གཅིག་ཅན”གྱི་ཆེད་ལས་གསུམ་གྱི་ཤེས་བྱ་སྦྱངས་ནས། གསོ་སྦྱོང་མཇུག་འགྲིལ་རྗེས་གཅིག་གྱུར་ཐོག་ཚང་མའི་ལས་ཞུགས་ཐག་གཅོད་བྱ་རྒྱུ་རེད།
   ཡིག་རྒྱུགས་གཞུང་དྲང་དང་། དྲང་གཞག ཡོངས་བསྒྲགས་བཅས་འགན་ལེན་བྱ་ཆེད། རྫོང་དེའི་ཤང་དང་གྲོང་རྡལ་ཁག་གི་སློབ་མ་104བོད་ལྗོངས་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སིའི་དམིགས་འཛུགས་མངགས་བཅོལ་གསོ་སྦྱོང་ཡིག་རྒྱུགས་ལ་ཞུགས་པ་དང་། རྫོང་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན། རྫོང་ཨུད་ཀྱི་ལྟ་སྐུལ། ཤང་དང་གྲོང་རྡལ་ཁག་བཅས་དང་དེ་བཞིན་ཀུང་སིའི་མི་སྣ་ས་གནས་ས་ཐོག་ཏུ་ལྟ་སྐུལ་བྱེད་པར་གདན་དྲངས་པ་དང་སྦྲགས། བསྡུ་རྩིས་ཡོད་པའི་མངགས་བཅོལ་གསོ་སྦྱོང་སློབ་མ་90ཡི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་རེད།