འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་15ཉིན།

༄༅།།ཟླ་གཉིས་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་18.5%འཕར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་15ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ■ སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་5264ཟིན་ནས་དུས་མཚུངས་ལས་18.5%འཕར་བ།
   ■ ཐོན་ལས་དང་པོར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་65ཟིན་པ།
   ■ ཐོན་ལས་གཉིས་པར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་3218ཟིན་པ།
   ■ ཐོན་ལས་གསུམ་པར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་1004ཟིན་པ།
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་2པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་5264ཟིན་ནས་དུས་མཚུངས་ལས་18.5%འཕར་བ་རེད། ཐོན་ལས་ལ་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་65ཟིན་ནས་དུས་མཚུངས་ལས་26.4%འཕར་བ་དང་། ཐོན་ལས་གཉིས་པར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་3218ཟིན་ནས་དུས་མཚུངས་ལས་22.5%འཕར་བ། ཐོན་ལས་གསུམ་པར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་1004ཟིན་ནས་དུས་མཚུངས་ལས་24.7%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་977ཟིན་ནས་དུས་མཚུངས་ལས་2.1%འཕར་བ་བཅས་རེད། ཟླ་དང་པོ་དང་གཉིས་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བརྒྱབ་ན་ཆན་ཝ་ཆུ་ཚོད་དུང་ཕྱུར་12588ཟིན་ནས་དུས་མཚུངས་ལས་22.2%འཕར་བ་རེད།