འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་9ཉིན།

༄༅།།“གཅིག་ཀྱང་ཉུང་མེད་ལ་གཅིག་ཀྱང་ལུས་མེད”

—— རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཚོགས་ཆེན་ཐེངས་དང་པོའི་ཐོག་གི་ཕུགས་འདུན་མངོན་འགྱུར་གྱི་གཏམ་རྒྱུད་གསན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་09ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཁའེ་ཞུང་དང་། ཀྲེན་མིང་ཏ། ཏིང་ཞའོ་ཤིས།
   “མི་འབོར་ཧ་ཅང་ཉུང་བའི་མི་རིགས་ཀྱང་རྒྱལ་ཡོངས་དང་མཉམ་དུ་དར་རྒྱས་འབྱོར་ཕྱུག་ཡོང་བ་བྱེད་དགོས”
   ཚེས་7ཉིན་གྱི་སྔ་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཚོགས་ཆེན་ཐེངས་དང་པོའི་ཐོག་གནང་བའི་གཏམ་བཤད་སྟེ། ཨུ་ཡོན་ཝུའེ་ཀྲེན་ལིང་གི་གཏམ་བཤད་ལ་ཚོགས་ཞུགས་ཨུ་ཡོན་ཚོའི་མོས་པ་ཆེན་པོ་ཐོབ་ནས་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།
   མའོ་ནན་རིགས་ཀྱི་ཨུ་ཡོན་ཝུའེ་ཀྲེན་ལིང་གིས་མའོ་ནན་རིགས་ནི་མི་འབོར་ཅུང་ཉུང་བའི་མི་རིགས་28ཀྱི་གྲས་ཤིག་ཡིན་པ་དང་མི་ཁྲི་བཅུ་དང་བདུན་སྟོང་ལས་མེད། ཁོང་གི་དྲན་གསལ་ལ་མའོ་ནན་རིགས་མི་རབས་ནས་མི་རབས་བར་རི་ཁྲོད་དུ་འཚོ་བ་སྐྱེལ་གྱི་ཡོད།
   “ཨ་མས་ཆུ་སྤྱོད་རྒྱུར་ཚོད་འཛིན་ཆེན་པོ་བྱེད་ཀྱི་ཡོད། གདོང་བཀྲུས་པའི་ཆུ་བསགས་ནས་ལག་པ་འཁྲུ་བ་དང་། ལག་པ་བཀྲུས་པའི་ཆུ་ཡང་བསྐྱར་བེད་སྤྱོད་བྱེད་ཀྱི་ཡོད”
   “མི་ཕྱུགས་མཉམ་སྡོད་ཀྱི་ཁང་པའི་ནང་མི་རྒན་པ་ཚོས་སྣུམ་ཞུའི་འོག་ལས་ཀ་བྱེད་པ་དང་ཕྲུ་གུ་ཚོས་ཕྱུགས་རིགས་ཀྱི་སྐད་སྒྲ་དང་དྲི་ངན་ཁྲོད་གཉིད་ཉལ་གྱི་ཡོད”
    “དུས་ཡུན་རིང་པོའི་ལོ་ཟླའི་ཁྲོད་མའོ་ནན་བ་ཚོས་ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པ་ནི་ལྟོས་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་པོ་དྲོ་བར་བྱ་རྒྱུ་དེ་རེད”
   སྡིངས་ཆའི་ཐོག་ཨུ་ཡོན་ཝུའེ་ཀྲེན་ལིང་གིས་སྐབས་དེ་དུས་ཀྱི་རི་ཁྲོད་ཀྱི་འཚོ་བ་སྐྱོ་པོར་དྲན་གསོ་བྱེད་པ་དང་སྡིངས་ཆའི་འོག་ཨུ་ཡོན་ཚོས་མའོ་ནན་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་ཀྱིས་བརྒྱན་པའི་གཏམ་བཤད་པ་དེར་ལྟ་བཞིན་ཁོང་གི་ཕུགས་བསམ་སྐོར་གསན་བཞིན་ཡོད།
   ལོ་དེ་དག་ནང་ཁ་གཏད་རོགས་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཨུ་ཡོན་མང་པོ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དབུལ་པོར་བཅར་འདྲི་དང་བརྟག་ཞིབ་གནང་བར་བསྐྱོད་མྱོང་ཡོད། ཨུ་ཡོན་ཝུའེ་ཀྲེན་ལིང་གི་གཏམ་བཤད་ལས་ཁོང་ཚོར་མྱོང་ཚོར་གཅིག་པ་བྱུང་ཡོད།
   “དངོས་གནས་འགྱུར་ལྡོག་བྱུང་སོང”ཞེས་ཨུ་ཡོན་ཝུའེ་ཀྲེན་ལིང་གིས་སེམས་འགུལ་ཚད་མེད་ཐེབས་བཞིན་དེ་ལྟར་གསུངས། རྒྱལ་ཡོངས་མི་འབོར་གྱི་ཁྲི་ཆ་གཅིག་ཀྱང་མ་ཟིན་པའི་གྲངས་ཉུང་མི་རིགས་མའོ་ནན་རིགས་ལ་དབུལ་སྒྲོལ་འགག་སྒྲོལ་ཁྲོད་རྒྱལ་ཡོངས་ཀྱི་མཐོང་ཆེན་ཐོབ་ཡོད། ད་ཆ་མའོ་ནན་གྱི་རི་གྲོང་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེ་སྔ་ལ་ཀླུང་མང་པོ་བརྒལ་དགོས་པ་དང་ད་ཆ་རླངས་འཁོར་བསྡད་དེ་ཐད་ཀར་སྒོ་འགྲམ་དུ་འབྱོར་གྱི་ཡོད། ཁྱིམ་ཚང་གི་ཕྱི་ནང་གང་སར་གློག་འོད་ཁྲ་ཆིལ་ཆིལ་དུ་གནས་པ་དང་། ཤིང་འབྲས་ལྡུམ་ར་ནས་དྲི་ཞིམ་འཐུལ་བ། སྲིན་ཤིང་ནགས་ཚལ་དུ་འགྱུར་བ། འབྲས་ཀྱི་དྲི་ཞིམ་འཐུལ་བ་སོགས་ཡོད།
   “ནུའུ་རིགས་དང་། ཁོར་ཁེ་ཙི་རིགས། མུའུ་ལའོ་རིགས་བཅས་མི་རིགས་ཧྲིལ་པོ་སྔ་རྗེས་སུ་དབུལ་སྒྲོལ་ཐུབ་ནས་རང་རྒྱལ་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་28ཚང་མ་དབུལ་པོ་དབུལ་རྐྱང་གི་གནས་ལས་སྒྲོལ་བའི་ཁྲོད་གཅིག་ཀྱང་ཉུང་མེད་ལ་གཅིག་ཀྱང་ལུས་མེད”ཅེས་ཨུ་ཡོན་ཝུའེ་ཀྲེན་ལིང་གིས་སེམས་འགུལ་ཚད་མེད་ཐེབས་བཞིན་གསུངས་པའི་སྐད་ཆར་ཚོགས་ཞུགས་ཨུ་ཡོན་ཚོའི་དགའ་བསུ་སླར་ཡང་ཐོབ་ཡོད།