འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་8ཉིན།

༄༅།།འཐུས་མི་དང་ཨུ་ཡོན་ཚོས་ཐབས་འདོན་ཇུས་འགོད་གནང་དོན། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་
གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་སྐྲུན་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་08ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲེན་པའོ་ཧྲན་གྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་འདོན་བཞིན་པ།
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲེན་པའོ་ཧྲན་གྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་འདོན་བཞིན་པ།
   ཚན་རིག་ལག་རྩལ་འདི་ཉིད་དེང་རབས་ཐོན་སྐྱེད་ནུས་ཤུགས་ཁྲོད་ཀྱི་གསོན་ཉམས་དོད་ཤོས་ཀྱི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད། གསར་གཏོད་འདི་ཉིད་རྒྱལ་ཁབ་དར་རྒྱས་དང་འཕེལ་རྒྱས་ཀྱི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་ཇི་ལྟར་འགྱུར་བ་བྱ་རྒྱུ་ནི་ངེས་པར་དུ་ལན་འདེབས་དགོས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》བཏོན་ནས་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་སྤྱི་ཡོངས་ཁྲོད་ཀྱི་གསར་གཏོད་ཀྱི་ལྟེ་བའི་གནས་བབ་མཐའ་འཁྱོངས་དང་ཚན་རྩལ་རང་སྟོབས་རང་སྤེལ་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་འདེགས་སྐྱོར་ལ་བརྩི་བ་དང་གསར་གཏོད་འཆར་འགོད་ལས་འགན་ཁག་གི་ཐོག་མར་འཇོག་དགོས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། གསར་གཏོད་དང་ཚན་རྩལ་ནི་དོ་ཁུར་ཆེ་ཤོས་བྱེད་པའི་གྲོས་དོན་གྱི་གྲས་ཤིག་ཡིན་པ་དང་འཐུས་མི་དང་ཨུ་ཡོན་ཚོས་ཐབས་འདོན་ཇུས་འགོད་གནང་ནས་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།