འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་6ཉིན།

༄༅།།མཐར་ཕྱིན་སློབ་མ་གྲོང་གསེབ་ཏུ་ལས་ཞུགས་བྱས་ན། ལོ་རེར་ཁ་གསབ་སྒོར་10000སྤྲོད་དགོས་པའི་གྲོས་གཞི་བཏོན། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་06ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་3ཉིན། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན། རེ་བ་གསར་པ་ཚོགས་པའི་སྤྱི་ཁྱབ་འགོ་འཛིན་ལིའུ་ཡུང་ཧའོ་ཡིས་བསྟན་དོན། གྲོང་གསེབ་དར་སྤེལ་གཏོང་བ་ལ་ཤེས་ལྡན་མི་སྣ་དགོས་མཁོ་ཆེ། ཡིན་ནའང་། ད་ལྟར་ལོ་རེར་མཐར་ཕྱིན་ཆེད་ལས་སློབ་གྲྭ་དང་སློབ་གླིང་70%ཡི་ཞིང་ལས་ལས་རིགས་ཀྱི་མཐར་ཕྱིན་སློབ་མ་ནི་ལས་རིགས་བསྒྱུར་ནས་ཞིང་ལས་མིན་པའི་ཐོན་ལས་ལ་ཞུགས་ནས། ཤེས་ལྡན་མི་སྣ་ཤོར་གྱིན་ཡོད། ལིའུ་ཡུང་ཧའོ་ཡིས་ཤེས་ལྡན་མི་སྣ་སྡོད་ཐུབ་པ་བྱ་དགོས་ན། “ཞིང་པ་གསར་པ”གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། 
   ཁོང་གིས་གྲོས་གཞི་བཏོན་དོན། 
   “ཞིང་ལས་ཤེས་ལྡན་མི་སྣ་གྲོང་གསེབ་ཏུ་འགྲོ”བའི་འཆར་གཞི་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱིས་མ་དངུལ་ཁག་ཅིག་གིས་མཐར་ཕྱིན་སློབ་མ་གྲོང་གསེབ་ཏུ་འགྲོ་ནས་ལས་ཞུགས་བྱེད་པའི་རྒྱབ་སྐྱོར་བྱེད་པ་དང་། དེ་ནི་ལོ་རེར་མི་རེར་སྒོར་ཁྲི་1ཁ་གསབ་དང་། བསྟུད་མར་ཁ་གསབ་ལོ་3བྱ་རྒྱུའི་ཐབས་ཤེས་སྤྱད་ནས། གྲོང་ཁྱེར་དུ་ལས་ཞུགས་བྱེད་མཁན་གྱི་ཡོང་འབབ་དང་ཁྱད་པ་ཆུང་དུ་བཏང་ནས། གྲོང་གསེབ་ཚན་རིག་ལག་རྩལ་གྱི་ཤེས་ལྡན་མི་སྣ་ཇེ་མང་གསོ་སྐྱོང་བྱས་ན། ད་གཟོད་ཞིང་ལས་ལག་རྩལ་སྔར་བས་བཟང་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ།