འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་6ཉིན།

༄༅།།ཀྲུང་གོས་ཨ་རིར་ཁ་རས་དུང་ཕྱུར་438.5ཕྱི་གཏོང་བྱས་ཡོད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་06ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོས་ཨ་རིར་ཁ་རས་དུང་ཕྱུར་438.5ཕྱི་གཏོང་བྱས་ཡོད།
   མི་དམངས་དྲ་བའི་འཕྲིན། ཨ་རིའི་རིག་མཛོད་པུའུ་ལུའུ་ཅིན་སི་སློབ་ཚོགས་ཀྱིས་ཉེ་ཆར་རྩོམ་ཡིག་སྤེལ་ནས། ཨ་རི་དང་ཀྲུང་གོ་མཉམ་ལས་བྱས་ནས་རིམས་ནད་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བྱེད་ཡོད། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིང་གིས་དེའི་ཐད་བསྟན་དོན། ཀྲུང་གོ་དང་ཨ་རི་བར་རིམས་འགོག་མཉམ་ལས་ཤུགས་ཇེ་ཆེར་གཏོང་བ་ནི་རྒྱལ་ཁབ་གཉིས་ཀྱི་ཤེས་ཡོན་ལྡན་མཁན་ཚོས་ཐུན་མོང་གི་རེ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་ཟླ་3ཚེས་1ཉིན་ནས་2021ལོའི་ཟླ་2ཚེས་28ཉིན་བར། ཀྲུང་གོས་ཨ་རིར་ཁ་རས་དུང་ཕྱུར་438.5དང་། ཕྱི་ཚན་གྱི་ལག་ཤུབས་ཆ་དུང་ཕྱུར་11.9ཙམ། རིམས་ནད་འགོག་སྲུང་ཆས་གོས་ཆ་ཚང་དུང་ཕྱུར་9.5  མིག་སྲུང་མིག་ཤེལ་ཁྲི་5403 དབུགས་འབྱིན་རྔུབ་བྱེད་འཕྲུལ་འཁོར་17585བཅས་ཕྱིར་བཏང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨ་རི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་ཐུན་མོང་དུ་འབད་བརྩོན་བྱས་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྔར་བས་ནུས་པ་བཏོན་པར་རྒྱབ་སྐྱོར་བྱས་ནས། དུས་སྔ་ཙམ་ནས་རིམས་ནད་ལས་རྒྱལ་བ་བྱ་རྒྱུར་མོས་འདུན་ཡོད་བཅས་བསྟན།