འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་6ཉིན།

༄༅།།ལོ་འདིའི་སློབ་ཐོན་སློབ་མའི་ཐོབ་ཐང་ལོ་5སོར་འཇོག་དགོས་པའི་གྲོས་འགོ་བཏོན། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་06ཉིན། 13:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན། ཕྱིར་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་རྒྱལ་ཁབ་ཕྱི་ཕྱོགས་སྒོ་འབྱེད་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེན་མོ་སུན་ཅེ་ཡིས་ཨུ་ཡོན་གཞན་དག་དང་མིང་མཉམ་འགོད་ཐོག་ནས་གྲོས་གཞི་ཅིག་བཏོན་པ་སྟེ། ས་ཁུལ་ཁག་ཅིག་ཏུ་ཐེམ་ཐོ་བཀོད་པ་དང་ལས་མི་བསྡུ་བའི་ཁྲོད་ལོ་འདིའི་མཐར་ཕྱིན་སློབ་མ་ཡིན་དགོས་པའི་གཏན་འབེབས་དམ་པོ་དག་མེད་པར་བཟོས་ནས། བྱིས་པ་སྐྱེ་རྒྱུའི་འཆར་གཞི་ཡོད་པའི་བུ་མོ་སློབ་ཆེན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། མཐར་ཕྱིན་སློབ་མ་གསར་པའི་ཐོབ་ཐང་སོར་འཇོག་ལོ་ཚོད་དེ་ལོ་2ནས་ལོ་5རུ་སྒྱུར་བ་དང་རིང་དུ་གཏོང་བའམ། ཐ་ན་མེད་པར་བཟོས་་ནས། མིག་སྔའི་“སློབ་མཐར་ཕྱིན་-ལས་ཞུགས།-གཉེན་སྒྲིག”གི་རྣམ་པ་མེད་པར་བཟོ་དགོས་པའི་གྲོས་འགོ་བཏོན་ཡོད།