འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་6ཉིན།

༄༅།།འཐུས་མི་ཧྲེ་ཡུས་ཏུང་གིས་གསུངས་དོན། འཕེལ་རྒྱས་མཉམ་སྤྱོད་བྱས་ནས་མི་དམངས་ཀྱི་ཐོབ་སྣང་ཆེ་རུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་06ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   “འཕེལ་རྒྱས་ཀྱི་འདུ་ཤེས་མཉམ་སྤྱོད་བྱེད་པའི་ངོ་བོ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན་པ་དང་། དེ་ལས་མཚོན་པ་ནི་ཐུན་མོང་ཕྱུག་འགྱུར་རིམ་བཞིན་མངོན་འགྱུར་བྱེད་དགོས་པའི་བླང་བྱ་དེ་རེད”རྒྱལ་ཁབ་གློག་དྲ་ལེའོ་ཉིང་ཞིང་ཆེན་གློག་ཤུགས་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་འཐུས་མི་ཧྲེ་ཡུས་ཏུང་གིས་ངོས་འཛིན་གནང་དོན། དམངས་འཚོ་འགན་ལེན་དང་ལེགས་བཅོས་ལ་མཇུག་རྫོགས་དུས་མེད། བར་མཚམས་མི་ཆད་པའི་འགོ་འཛུགས་ས་གསར་པ་ཡོད་པ་དང་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་མི་དམངས་ཀྱི་ཆེད་དུ་དང་། འཕེལ་རྒྱས་མི་དམངས་ལ་བརྟེན་དགོས་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ལ་མཉམ་སྤྱོད་བཅས་བྱུང་ཚེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་གང་ལེགས་དང་། སྔར་བས་འགན་ལེན། སྔར་བས་རྒྱུན་མཐུད་བཅས་ཡོང་ཐུབ།
   གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་5575དབུལ་སྒྲོལ་བྱུང་བ་དང་གྲོང་མི་ཁྲི་5000ལྷག་ཙམ་སྡོད་ཁང་སྐྱོ་ཁུལ་ནས་ཐོག་བརྩེགས་ཅན་གྱི་ཁང་པར་སྤོས་པ་ལ་སོགས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་རྒྱལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་དམངས་འཚོར་སྣང་ཆེན་དང་། དམངས་འཚོ་འགན་ལེན། དམངས་འཚོ་ལེགས་བཅོས་བཅས་བྱས་ནས། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དེ་བས་བཏང་སྙོམས་ངང་ལོངས་སྤྱོད་ཐུབ་པར་བྱས་ཡོད།
   “མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན”“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྒྱལ་ཁབ་གློག་དྲ་ལེའོ་ཉིང་ཞིང་ཆེན་གློག་ཤུགས་ཚད་ཡོད་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་255བཏང་སྟེ་ཞིང་འབྲོག་ཁུལ་གྱི་གློག་དྲ་སྒྱུར་བཀོད་བྱས་པས། ཆུ་འདྲེན་འཕྲུལ་འཁོར་ལ་གློག་འཁྲིད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུའི(ལྟེ་བའི་གྲོང་ཚོ)གློག་དྲ་སྒྱུར་བཀོད་སོགས་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་སྟེ། མི་དམངས་མང་ཚོགས་ཀྱི་དགོས་མཁོ་གསར་པ་ཟམ་མི་ཆད་པར་བསྐངས་ཡོད་ཅེས་གསུངས་པ་རེད།