འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་6ཉིན།

༄༅།།ཨུ་ཡོན་ཡེ་ཆིང་གིས་གསུངས་དོན།ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་
འདེགས་སྐྱོར་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་06ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་ཁྲོམ་རའི་འཇུག་འཐུས་ཚད་གཞི་ལྷུག་ཏུ་བཏང་སྟེ་ཁྲལ་རིན་གཉིས་གཅོག་ལག་བསྟར་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་མང་དག་ཅིག་བཏོན་པ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ནས་ཁེ་ལས་ཀྱི་ཐོབ་སྣང་དང་བདེ་འཇགས་ཚོར་སྣང་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད།
   ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཡུན་རིང་གི་ཆ་ལག་ཚང་བའི་འདུ་འགོད་ཅིག་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་གལ་ཆེན་ཞིག་ཀྱང་རེད། དུས་མཚམས་རྗེས་མར་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་གཏོང་གི་ཤུགས་རྒྱག་གཞི་གྲོང་ཁུལ་གྱི་རིམ་པ་དང་པོའི་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོའི་ཐད་གཅིག་སྡུད་དེ་བས་ཆེ་བ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་མིག་སྔའི་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་ཐད་གནས་པའི་དཀའ་ངལ་དང་གནད་དོན་ཤེས་རྟོགས་གཏིང་ཟབ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དེ་བས་དངོས་ཕན་གྱི་རོགས་སྐྱོར་སྲིད་ཇུས་སྔར་ལས་མང་བ་ཞིབ་འཇུག་བྱས་ནས་བཟོ་བ་དང་། ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ཕན་ནུས་ལ་འགྱུར་བར་བྱས་ནས་རྒྱ་ཆེའི་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ལ་ཡུན་རིང་བརྟན་ལྷིང་གི་འཕེལ་རྒྱས་ཁོར་ཡུག་ཅིག་གཏོད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།