འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་6ཉིན།

༄༅།།ཨུ་ཡོན་ཀྲོའུ་ཧྲི་ཧུང་གིས་གསུངས་དོན། གྲོང་གསེབ་ཀྱི་བཅའ་ཁྲིམས་ཞབས་ཞུ་ཡག་པོ་སྒྲུབ་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་06ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག ཐོན་སྐྱེད་དང་འཚོ་བའི་ཁྲོད་ཞིང་པར་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་ཉིན་རེ་ལས་མ་འདས་པར་ཆེ་རུ་འགྲོ་བཞིན་ཡོད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རིང་། གྲོང་གསེབ་ཁུལ་གྱི་དགོས་མཁོར་དོ་ཁུར་བྱས་ཏེ་གྲོང་གསེབ་ཀྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། ཞན་ཆར་དམིགས་པ་དང་གནད་སྨིན་ཇུས་འདོན་བྱེད་པ། ཤེས་ལྡན་མི་སྣ་ནང་འདྲེན་དང་སྒྲིག་གཞི་བཟང་སྒྲིག་དང་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་སོགས་ལ་ཕྱོགས་བསྡུས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཁྲིམས་སྐྱོང་གི་འགན་སྲུང་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས།
   གྲོང་གསེབ་ཀྱི་བཅའ་ཁྲིམས་ཤེས་ལྡན་མི་སྣ་མགྱོགས་མྱུར་གསོ་སྐྱོང་བྱེད་པ་དང་། གྲོང་གསེབ་ཀྱི་བཅའ་ཁྲིམས་ཀྱི་རྩོད་གཞི་ཐོན་མང་བའི་ཁྱབ་ཁོངས་ལ་དམིགས་ནས། གྲོང་གསེབ་ཀྱི་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུའི་དགོས་མཁོ་དང་འཚམ་པ་དང་དགོས་མཁོ་སྐོང་ཐུབ་པའི་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། ཆེད་དོན་གསོ་སྦྱོང་དང་ཆེད་ལས་སློབ་གླིང་དང་སློབ་གྲྭ་དང་མཉམ་ལས་བྱས་ཏེ་མངཌ་བཅོལ་གསོ་སྦྱོང་སོགས་ཀྱི་བྱེད་སྟངས་བརྒྱུད། གྲོང་གསེབ་ཀྱི་བཅའ་ཁྲིམས་ཤེས་ལྡན་མི་སྣའི་དཔུང་ཁག་གིས་གནད་དོན་དངོས་ཐག་གཅོད་བྱེད་པའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
   སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྟོབས་ཤུགས་གཤམ་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་རིང་། གཅིག་ནས་འགྲོ་གྲོན་གཏོང་ཤུགས་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་པའི་བཅའ་ཁྲིམས་ཐོན་ཁུངས་སྔར་བས་གྲོང་གསེབ་ལ་སྣུར་སྲིང་དང་ཁྱབ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། གཉིས་ནས་གྲོང་གསེབ་ཀྱི་གཞི་རིམ་ཁྲིམས་འཛིན་སྒྲིག་གཞིའི་འཁོར་རྒྱུག་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་། ཕྱི་ནང་སྦྲེལ་མཐུད་དང་ལས་བགོས་གཞོགས་འདེགས་བྱེད་པ། “འགན་འཁྲི་ལེན་ཐུབ་པ་དང་། སྤྱོད་ཐུབ་པ། ཡག་པོ་སྒྲུབ་ཐུབ་པ”བཅས་བྱས་ནས། བཅའ་ཁྲིམས་ཞབས་ཞུའི་ཕན་འབྲས་ཆེ་རུ་གཏོང་དགོས།