འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་5ཉིན།

༄༅།།སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྙིང་བསྡུས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་05ཉིན། 15:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་5ཉིན། ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་ཞིང་། གཙོ་གནད་ནང་དོན་ཁག་གཤམ་གསལ། 
    གཅིག ན་ནིང་གི་ལས་དོན་ཕྱིར་དྲན། 
   རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐད་གལ་ཆེའི་འཐབ་ཇུས་ཀྱི་གྲུབ་འབྲས་ཐོབ་པ། 
   འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དངོས་ཚན་གཙོ་བོའི་ནང་དཔལ་འབྱོར་ཡར་འཕར་མངོན་འགྱུར་བྱུང་མཁན་གཅིག་པུ་ཡིན་པ། 
   ལོ་ཧྲིལ་པོའི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་2.3%འཕར་ཡོད། 
   ཁྲོམ་རའི་བྱེད་པོའི་ཁུར་པོ་ཡང་དུ་བཏང་བ་སྒོར་དུང་ཕྱུར་ཁྲི་2.6ལས་བརྒལ་བ།
   གྲོང་རྡལ་དུ་ལས་ཞུགས་གསར་པ་མི་ཁྲི་1186ཟིན་པ།
   ལོ་འགོར་ལྷག་འཕྲོའི་གྲོང་གསེབ་དབུལ་ཕོངས་མི་འབོར་ཁྲི་551ཚང་མ་དབུལ་སྒྲོལ་བྱུང་བ་དང་། དབུལ་ཕོངས་རྫོང་52ཚང་མའི་དབུལ་ཞྭ་ཕུད་པ། 
   རྒྱལ་ནང་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་སྔར་བཞིན་ཉམས་ཞན་ལྷུ་ཚིགས་ཡོད་པ་དང་། དཔལ་འབྱོར་སླར་གསོ་བྱེད་པའི་རྨང་གཞི་ད་དུང་བརྟན་པོ་མེད། 
   གཉིས། ལོ་ལྔ་ཚན་བཅུ་བཞི་པའི་དམིགས་ཚད་གཙོ་བོ།
   དཔལ་འབྱོར་འཁོར་སྐྱོད་བྱེད་རྒྱུ་ལུགས་མཐུན་གྱི་མཚམས་ཁོངས་ནང་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ། 
   རྒྱུན་སྡོད་མི་འབོར་གྲོང་རྡལ་ཅན་དུ་འགྱུར་ཚད་65%བར་མཐོ་རུ་གཏོང་རྒྱུ།
   མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་སླར་ཡང་ལོ་གཅིག་མཐོ་རུ་འགྲོ་བ་བྱེད་རྒྱུ།
   གྲོང་རྡལ་གྱི་བརྟག་དཔྱད་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5.5%ནང་ཚོད་འཛིན་ཐུབ་པ་བྱེད་རྒྱུ།
    གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་ཚད་95%བར་མཐོ་རུ་གཏོང་རྒྱུ།
   གསུམ། ད་ལོའི་དམིགས་ཚད་གཙོ་བོ།
   རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་6%ཡན་འཕར་བ་བྱེད་རྒྱུ། 
    གྲོང་རྡལ་དུ་ལས་ཞུགས་གསར་འཕར་མི་གྲངས་ཁྲི་1100ཡན་ཟིན་པ་བྱེད་རྒྱུ།
    གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་སུ་ཟིན་པ་བྱེད་རྒྱུ།།
    རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་གི་རྩིས་གཞིའི་ནུས་རྒྱུ་ཟད་གྲོན་3%ཡས་མས་ཆག་པ་བྱེད་རྒྱུ། 
   འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ། 
   བཞི། ད་ལོའི་གཙོ་གནད་ལས་དོན་ཁག་གཅིག
   ནོར་སྲིད། ད་ལོ་མཚལ་ཡིག་ཚད་གཞི་3.2%ཡས་མས་ལ་གཞིགས་ནས་བཀོད་སྒྲིག་བྱེད་རྒྱུ།
   དཔྱ་ཁྲལ་ཉུང་གཏོང་། གཞི་རྒྱ་ཆུང་བའི་དཔྱ་ཁྲལ་འཇལ་མཁན་གྱི་འཕར་ཁྲལ་འཇལ་འགོ་འཛུགས་ས་དེ་ཟླ་རེའི་འཚོང་འབོར་སྒོར་ཁྲི་10ནས་སྒོར་ཁྲི་15བར་མཐོ་རུ་གཏོང་རྒྱུ། 
   གླ་རིན་གཅོག་པ། ཁེ་ལས་ཆུང་འབྲིང་གི་དྲ་ཆེན་དང་ཆེད་སྐུད་ཀྱི་ཆ་སྙོམས་གླ་རིན་སླར་ཡང་10%གཅོག་རྒྱུ། 
   འཛད་སྤྱོད། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་འཛད་སྤྱོད་ཆེ་རིགས་བརྟན་པོའི་ངང་འཕར་བ་བྱེད་རྒྱུ། 
   གསར་གཏོད། ལོ་མང་དཀའ་སྤྱད་ཀྱི་སྙིང་སྟོབས་ཐོག་ནས་གནད་འགག་ཆེ་ལ་ལྟེ་བའི་ཁྱབ་ཁོངས་སུ་འགག་སྒྲོལ་ཆེན་པོ་ཐུབ་པ་བྱེད་རྒྱུ། 
   གྲོང་གསེབ་དར་རྒྱས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་སྦྲེལ་མཐུད་ནུས་ལྡན་བྱེད་རྒྱུ། 
    སྒོ་དབྱེ། ཁུལ་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་གང་མགྱོགས་གོ་ཆོད་ལག་བསྟར་ཐུབ་པ་དང་ཀྲུང་གོ་དང་ཡོ་རོབ་དབར་གྱི་མ་འཇོག་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུར་སྐུལ་འདེད་གཏོང་རྒྱུ། 
   ཁོར་ཡུག་སྲུང་སྐྱོང་། བྱང་ཕྱོགས་ས་ཁུལ་གྱི་དྭངས་གཙང་དྲོད་ལེན་བྱེད་ཚད་70%ཟིན་པ་བྱེད་རྒྱུ། 
   སློབ་གསོ། སློབ་གསོ་འདྲ་མཉམ་ཡོང་བའི་ཐོག་ཡར་རྒྱས་ཆེན་པོ་ཡོང་བ་བྱེད་རྒྱུ། 
   སྨན་བཅོས་འགན་སྲུང་། གྲོང་མིའི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་ཐད་མི་རེར་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་ཁག་སོ་སོར་སླར་ཡང་སྒོར་30དང་སྒོར་5མང་དུ་གཏོང་རྒྱུ།  
   སྡོད་ཁང་། གྲོང་ཁྱེར་ཆེན་པོའི་སྡོད་ཁང་གི་གནད་དོན་འབུར་དུ་ཐོན་པ་དག་ཐག་གཅོད་ཡག་པོ་བྱེད་རྒྱུ། བོགས་གཏོང་སྡོད་ཁང་གི་ཁྲོམ་ར་ཚད་ལྡན་ངང་གོང་འཕེལ་གཏོང་རྒྱུ། བོགས་གཏོང་སྡོད་ཁང་གི་ཁྲལ་གྲོན་ཁུར་པོ་ཡང་དུ་གཏོང་རྒྱུ། 
   རིག་རྩལ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ཞིབ་ཚགས་བྱེད་རྒྱུ། 
   ཀང་ཨའོ་ཐའེ་གསུམ།  དམིགས་བསལ་སྲིད་འཛིན་ཁུལ་དུ་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་འབྲེལ་ཡོད་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།