འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་5ཉིན།

༄༅།།ད་ལོའི་སྔོན་དཔག་བྱས་པའི་དམིགས་ཚད་ནི་བརྒྱ་ཆ་6ཡན་ཡིན། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་05ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་སྲིད་གཞུང་ལས་དོན་གྱི་སྙན་སྒྲོན་གནང་བ་རེད།
ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། དཀའ་སྤྱད་འབད་བརྩོན་བྱེད་པ་བརྒྱུད། ང་ཚོས་འགོ་ཁྲིད་ནས་ལས་འགོ་བསྐྱར་ཚུགས་བྱེད་པ་དང་། དཔལ་འབྱོར་བསྐྱར་གསོ་ནི་སྔོན་དཔག་བྱེད་པ་ལས་བཟང་། 2020ལོའི་ལོ་ཧྲིལ་བོའི་རྒྱལ་ནང་ཐོན་སྐྱེད་འཕར་ཚད་2.3%ཟིན་ཞིང་། སྤྱི་ཁོག་སྙོམས་སྒྲིག་ཐད་ལ་ཉམས་མྱོང་གསར་པ་བསགས་ཡོད་པ་དང་། ལུགས་མཐུན་གྱི་རིན་དོད་ལ་བརྟེན་ནས་ཕན་འབྲས་ཆེ་ཙམ་ཐོབ་ཡོད།
   དཔལ་འབྱོར་འཕར་ཚད་ནི་ཕྱོགས་བསྡུས་རང་བཞིན་གྱི་དམིགས་ཚད་ཅིག་ཡིན་ཞིང་། ད་ལོའི་སྔོན་དཔག་དམིགས་ཚད་དེ་6%ཡན་དུ་གཏན་འཁེལ་བྱས་པ་དང་དཔལ་འབྱོར་འཁོར་སྐྱོད་སླར་གསོ་བྱ་ཚུལ་ལ་བསམ་གཞིག་བྱས་ཚེ་ཕྱོགས་ཁག་གིས་སེམས་ཤུགས་གཅིག་སྒྲིལ་ངང་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།