འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་5ཉིན།

༄༅།།འཐུས་མི་ཁུང་ཆིན་ཅུའུ་ཡིས་སློབ་གསོ་ནི་མི་ཚེ་འཇོན་ཐང་ལྡན་པའི་གོ་སྐབས་ཆེས་ཆེ་བ་ཡིན་པ་བརྗོད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་05ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཐུས་མི་ཁུང་ཆིན་ཅུའུ་ཡིས་སློབ་གསོ་ནི་མི་ཚེ་འཇོན་ཐང་ལྡན་པའི་གོ་སྐབས་ཆེས་ཆེ་བ་ཡིན་པ་བརྗོད།
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་“འཐུས་མིའི་བགྲོད་ལམ”དུ་རྒྱལ་ཡོངས་མི་དམངས་འཐུས་མི། མཚོ་སྔོན་ཞིང་ཆེན་མོན་ཡོན་རྫོང་སློབ་གསོ་ཅུས་སློབ་གསོ་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཁུང་ཆིན་ཅུའུ་ཡིས་རང་ཉིད་ཀྱིས་དབུལ་ཕོངས་སློབ་མ་སློབ་བྱོལ་ཐེབས་པ་རོགས་རམ་བྱེད་པའི་གཏམ་རྒྱུད་དང་ཚོར་སྣང་ངོ་སྤྲོད་བྱས། ཁོ་མོས་གཞི་རིམ་གྱི་སློབ་གསོ་ལོ་མང་བོ་བྱེད་པ་ལས། ཉམས་མྱོང་ཆེས་ཟབ་ཤོས་ནི་སློབ་གསོ་ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་རྩ་བའི་འཐབ་ཇུས་དང་མི་ཚེ་འཇོན་ཐང་ལྡན་པ་འགྱུར་བའི་གོ་སྐབས་ཆེ་ཤོས་དེ་རེད། ཁོ་མོས་མུ་མཐུད་དུ་འབད་བརྩོན་བྱེད་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྔར་བས་མང་ཞིང་སྔར་བས་བཟང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་པ་བསྟན།