འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་5ཉིན།

༄༅།།ཨུ་ཡོན་ཝུའུ་ཏེ་ཡིས་གསུངས་དོན། ལྗང་མདོག་འཕེལ་རྒྱས་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་ཧུར་ཐག་སྐྲུན་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་05ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲང་ཆིང་དང་སུང་ཧའོ་ཤིན།
   “སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ནི་སྐྱེ་ཁམས་ཁོར་ཡུག་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་མ་བྱུང་ཚེ་མཐར་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད”སི་ཁྲོན་ཞིང་ལས་སློབ་ཆེན་གྱི་སློབ་སྤྱི་ཨུ་ཡོན་ཝུའུ་ཏེ་ཡིས་ངོས་འཛིན་གནང་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་རྒྱལ་གྱི་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁག་ལ་འཕེལ་རིམ་གལ་ཆེན་བྱུང་ནས་ད་བར་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་ལ་ཕན་འབྲས་ཆེ་ཤོས་ཐོབ་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་གཞག་འཕེལ་རྒྱས་ཡག་ཤོས་ཀྱི་ལོ་5ལ་གྱུར་ཏེ། སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
   ད་ཆའི་ཀྲུང་གོའི་ས་གཞི་ཆེ་མོའི་ནམ་མཁའ་དེ་བས་གཡའ་དག་པ་དང་། རི་ཀླུང་དེ་བས་སྔོ་བ། ཆུ་མོ་དེ་བས་དྭངས་བ་བཅས་ཡོད་པས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་ཡོད། སྐྱེ་ཁམས་ཁོར་ཡུག་ཡག་པོ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་མངོན་ཚུལ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་ལྗང་མདོག་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཞིག་ཏུ་འགྱུར་བཞིན་ཡོད།
   “ཁོར་ཡུག་ནི་དམངས་འཚོ་དང་། སྔོ་ཞིང་དྭངས་པའི་རི་ཆུ་ནི་མཛེས་སྡུག གཡའ་དག་པའི་ནམ་མཁའ་ནི་བདེ་སྐྱིད་བཅས་རེད”སྐྱེ་ཁམས་ཁོར་ཡུག་ཡག་པོ་ནི་གཟིགས་སྐྱོང་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་རེད། ཉེ་བའི་ལོ་ཤས་རིང་། ཝུའུ་ཧྲན་རྫོང་གིས་སྲུང་སྐྱོང་ཆེ་མོར་མཉམ་དུ་དམ་འཛིན་དང་གསར་སྤེལ་ཆེ་མོ་མི་བྱེད་པར། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་བརྟན་པོ་བསྐྲུན་པ་དང་། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་བདེ། སྐྱེ་ཁམས་དམངས་ཆེད་བཅས་མཐའ་འཁྱོངས་བྱས་ཏེ་མི་སེར་ཚོ་ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་གནས་བཟོད་བདེ་པོ་ཡོང་བ་བྱས་ཡོད། ད་ཆ་ཝུའུ་ཧྲན་རྫོང་དུ་ལྗང་མདོག་འཕེལ་རྒྱས་དེ་བྱ་སྤྱོད་ཀྱི་རང་རྟོགས་ཤིག་ཏུ་གྱུར་ཡོད་ཅེས་ཁྲུང་ཆིང་གྲོང་ཁྱེར་ཝུའུ་ཧྲན་རྫོང་ཨུད་ཀྱི་ཧྲུའུ་ཅི་འཐུས་མི་ལི་ཁྲུན་ཁུའེ་ཡིས་གསུངས།
   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ངེས་པར་དུ་ལམ་ལུགས་དང་ཁྲིམས་སྐྱོང་ལ་བརྟེན་དགོས། ཨུ་ཡོན་ཝུའུ་ཏེ་ཡིས། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་མ་ལག་ནན་ཤོས་འཛུགས་སྐྱོང་བྱེད་བཞིན་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མུ་མཐུད་སྤྱི་ཡོངས་ཀྱི་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་རྩེ་རིམ་ཇུས་འགོད་ཡག་པོ་བཟོས་ཏེ། བཙན་ཞིང་ནན་པའི་གཅུན་འདོམས་ལ་བརྟེན་ནས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་བཏང་ནས་ལྗང་མདོག་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིར་འགྱུར་བར་བྱེད་དགོས་ཞེས་གསུངས།