འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་5ཉིན།

༄༅།།ཨུ་ཡོན་ཧྲི་ཏ་ཉིང་གིས་གསུངས་དོན། མཐོ་རིམ་སློབ་གསོ་དུས་མཚམས་དེ་བས་མཐོ་བར་སླེབས་པ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་05ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཡའོ་ཞུའེ་ཆིང་།
   “‘ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་པ’ནི‘རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་མཚམས་ནས་དེ་བས་མཐོ་བའི་དུས་མཚམས་སུ་བསྐྱོད་པའི་བླང་བྱ་ཞིག་རེད། ཆོད་གཏམ་གལ་ཆེན་དེར་ལོ་རྒྱུས་ཀྱི་གཏན་ཚིགས་གལ་ཆེན་ལྡན་ཡོད་ལ་དོན་དངོས་ཀྱི་ནང་དོན་ཡང་ལྡན་ཡོད”ནན་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཨུ་ཡོན་ཧྲི་ཏ་ཉིང་གིས། སློབ་གསོའི་ཁྱབ་ཁོངས་ལས་དོན་ནས་བལྟས་ཚེ། རང་རྒྱལ་གྱི་མཐོ་རིམ་སློབ་གསོ་ཡང་དེ་བས་མཐོ་བའི་དུས་མཚམས་སུ་སླེབས་བཞིན་ཡོད་པས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་ཆེད་རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་མཁན་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་སྔར་བས་གསོ་སྐྱོང་ལེགས་པོ་དང་འཕེལ་རྒྱས་མྱུར་པོ་ཡོང་བ་བྱེད་དགོས་ཞེས་གསུངས།
   “ཚན་རྩལ་གསར་གཏོད་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐུལ་འདེད་གཏོང་ནུས་དང་པོ་དེ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཚན་རྩལ་གསར་གཏོད་ཀྱི་སྒུལ་ཤུགས་ལྟེ་བ་དེ་ཡིན། མཐོ་རིམ་སློབ་གསོས་སྤྱི་ཚོགས་ཡོངས་ཀྱི་ཤེས་བྱའི་ཆུ་ཚད་དང་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བར་འགག་རྩའི་ནུས་པ་ཐོན་གྱི་ཡོད” ཨུ་ཡོན་ཧྲི་ཏ་ཉིང་གིས་མཐོ་རིམ་སློབ་གསོ་ཡོངས་ཁྱབ་ཅན་དེ་བས་མཐོ་བའི་འཕེལ་རྒྱས་དུས་མཚམས་སུ་སླེབས་པ་དེ་ཡང་སྤྱི་ཚོགས་རིང་ལུགས་དུས་མཚམས་དེ་བས་མཐོ་བར་སླེབས་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན། དུས་མཚམས་འདིར་མཐོ་རིམ་སློབ་གསོ་དེ་འདུ་ཤེས་གསར་པའི་མཛུབ་ཁྲིད་འོག་སྔར་བས་གྲུབ་ཆ་ལེཌ་སུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་དམིགས་ནས་སྤེལ་བ། རང་བརྟེན་ཚན་ཞིབ་གསར་གཏོད་བྱེད་ནུས་སྐྱེད་སྲིང་བཅས་བྱས་ཏེ་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གཅིག་མཚུངས་ཡོང་བ་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
    “ནན་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་གྱིས་རང་ངོས་གསར་གཏོད་བྱེད་ནུས་སྐྱེད་སྲིང་དང་ས་གནས་འཕེལ་རྒྱས་ཀྱི་དགོས་མཁོ་གཉིས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རེད” ཨུ་ཡོན་ཧྲི་ཏ་ཉིང་གིས། སློབ་གྲྭས་སློབ་གསོ་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འཆར་གཞི་བཟོས་པ་དང་འབྲེལ། བཟོ་ལས་ཚན་ཁག་གསར་པ་འཛུགས་སྐྲུན་གྱི་ཚོད་ལྟ་ཧུར་ཐག་བྱས་ཏེ། སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་། རིག་ཚན་ཕན་ཚུན་སྤེལ་རེས། ལས་རིགས་བརྒལ་ནས་བསྡུ་སྒྲིལ་བཅས་རྒྱ་ཁྱབ་བྱས་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་རེད་ཅེས་གསུངས།