འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་4ཉིན།

༄༅།།ཚོགས་འདུ་གཉིས་ལ་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་པེ་ཅིང་དུ་འབྱོར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་04ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཚོགས་འདུ་གཉིས་ལ་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་པེ་ཅིང་དུ་འབྱོར་བ།
   མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་3ཉིན་གྱི་ཉིན་དགུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་པའི་བོད་རང་སྐྱོང་ལྗོངས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་པའི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གནམ་གྲུར་བཞུགས་ནས་པེ་ཅིང་དུ་འབྱོར་བ་རེད།
   ལམ་བར་དུ་འཐུས་མི་དང་ཨུ་ཡོན་ཚོས་བརྟན་ལྷིང་དང་འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་སྟོབས་ཆེར་གཏོང་བའི་དོན་ཆེན་བཞི་སྤྱི་འདོམས་སྒོ་ནས་ཡག་པོ་བསྒྲུབ་རྒྱུ་དང་། གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་སོགས་ལ་དམིགས་ནས་གྲོས་བསྡུར་འཁྲུག་པོ་གནང་བ་དང་། ཚང་མས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་དགའ་བསུ་ཞུ་བའི་གལ་ཆེའི་དུས་སྐབས་སུ། པེ་ཅིང་དུ་ཚོགས་འདུར་ཞུགས་པ་ནི་འགན་འཁྲི་ལྕི་པོ་དང་ལས་འགན་གཟི་བརྗིད་ལྡན་པས། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་བསམ་པའི་འཁྱེར་སོ་བཟང་པོར་བརྟེན་ནས་འགན་འཁྲི་ནན་ཏན་སྒྲུབ་པ་དང་། ཚད་གཞི་མཐོ་པོས་ཚོགས་འདུའི་ལས་འགན་ཁག་ལེགས་སྒྲུབ་བྱེད་པ། རིན་ཐང་ལྡན་པའི་གྲོས་གཞི་དང་གྲོས་གཞི་དེ་བས་མང་བ་འདོན་པ་བཅས་བྱས་ཏེ་བོད་རང་སྐྱོང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འདོན་དང་རང་འགན་གཙང་སྒྲུབ་བྱེད་རྒྱུ་ཡིན་པ་བསྟན།
༄༅།།ཚོགས་འདུ་གཉིས་ལ་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་པེ་ཅིང་དུ་འབྱོར་བ།
༄༅།།ཚོགས་འདུ་གཉིས་ལ་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་པེ་ཅིང་དུ་འབྱོར་བ།