འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་4ཉིན།

༄༅།།རྨང་གཞིའི་སློབ་གསོར་མི་བཟོས་རིག་ནུས་ལག་རྩལ་ལུགས་མཐུན་ངང་ནུས་ལྡན་སྤྱོད་དགོས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་03ཉིན། 16:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྨང་གཞིའི་སློབ་གསོར་མི་བཟོས་རིག་ནུས་ལག་རྩལ་ལུགས་མཐུན་ངང་ནུས་ལྡན་སྤྱོད་དགོས།
   མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ལིའུ་ཞི་ཡ་ནི་ཁྲུང་ཆིང་གྲོང་ཁྱེར་ཅུའུ་ལུང་ཕའོ་ཁུལ་ཤེ་ཅཱ་ཝན་སློབ་ཆུང་གི་སློབ་སྤྱི་རེད། 2004ལོར། ལིའུ་ཞི་ཡ་ཡོད་སའི་ཤེ་ཅཱ་ཝན་སློབ་ཆུང་གིས“ལོ་དྲུག་གིས་མི་ཚེ་གཅིག་ལ་ཤུགས་རྐྱེན་ཐེབས་ཐུབ་པའི”སློབ་གསོའི་བསམ་གཞི་བཏོན་ཞིང་། དེ་ཡང་རྨང་གཞིའི་སློབ་གསོའི་ཐད་མིག་རྒྱང་རིང་ཙམ་བལྟས་ཏེ་བྱིས་པའི་སྤུས་ཚད་སློབ་གསོ་དང་ནུས་པ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱེད་དགོས་པ་དེ་ཡིན། 2018ལོའི་ཟླ་11པར། ཤེ་ཅཱ་ཝན་སློབ་ཆུང་ལ“མེ་ཏོག་དམར་པོ་བཞད་ཁ་ཕྱེ། ཚང་མ་བཀྲག་མདངས་རབ་ཏུ་འཚེར”ཞེས་པའི་སྤུས་ཚད་སློབ་གསོའི་སྤུས་ཚད་དོ་དམ་བྱེད་སྟངས་རྣམ་པ་དེར་ཀྲུང་གོའི་སྐབས་གསུམ་པའི་སྤུས་ཚད་བཟང་བའི་བྱ་དགའ་ཐོབ་ཡོད། 
   མཉམ་འབྲེལ་དྲ་རྒྱའི་ལག་རྩལ་མུ་མཐུད་འཕེལ་རྒྱས་འགྲོ་བ་དང་བསྟུན། མི་བཟོས་རིག་ནུས་དེ་སློབ་གསོའི་ཁྱབ་ཁོངས་སུ་བཀོལ་སྤྱོད་ཇེ་མང་དུ་འགྲོ་བཞིན་ཡོད།“སློབ་གསོའི་APPདང་དྲ་ཐོག་སློབ་སྦྱོང་སྟེགས་བུ་ཁག་ཅིག་ལ་སློབ་གསོའི་ཆེད་ལས་རང་བཞིན་དང་རྒྱང་རིང་རང་བཞིན་མི་འདང་བས། སློབ་མའི་སློབ་སྦྱོང་ནུས་པ་དང་སློབ་སྦྱོང་ཕན་འབྲས་སྡུག་ཏུ་འགྲོ་ཉེན་ཡོད”ཅེས་ལིའུ་ཞི་ཡ་ཡིས་ངོས་འཛིན་དེ་ལྟར་བྱེད། 
   གཞི་རིམ་དུ་རྒྱ་ཆེའི་རྟོག་ཞིབ་བྱས་པ་བརྒྱུད། ལིའུ་ཞི་ཡ་ཡིས། མི་བཟོས་རིག་ནུས་ལག་རྩལ་དེ་རྨང་གཞིའི་སློབ་གསོ་དུས་རིམ་དུ་བཀོལ་སྤྱོད་བྱེད་པའི་ཆེད་ལས་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས། འབྲེལ་ཡོད་ལས་སྟེགས་ལག་རྩལ་དེ་རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱེད་པར་འཛུལ་འཐུས་ལམ་ལུགས་དང་། ལྟ་སྡོམ་ལམ་ལུགས། ཕྱིར་འབུད་ལམ་ལུགས་བཅས་འཐུས་ཚང་དུ་བཟོས་ནས། བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁོར་ཡུག་བཟང་པོ་བསྐྲུན་དགོས་པའི་གྲོས་འགོ་བཏོན། 
༄༅།།རྨང་གཞིའི་སློབ་གསོར་མི་བཟོས་རིག་ནུས་ལག་རྩལ་ལུགས་མཐུན་ངང་ནུས་ལྡན་སྤྱོད་དགོས།