འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་3ཉིན།

༄༅།།བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)697དུ་སྒྲིག་ཨུད་ལྟ་ཞིབ་ཁང་བཙུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་03ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ལྟ་སྐུལ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་དང་གཙོ་འགན་གཙོ་ལས་ཀྱི་ལས་སྒྲུབ་ལ་དམིགས་ཏེ། བོད་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དོ་དམ་ལམ་སྲོལ་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་བ་རེད། མིག་སྔར་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)697ཚང་མར་སྒྲིག་ཨུད་ལྟ་ཞིབ་ཁང་གི་སྒོ་བྱང་བཀལ་ནས་འཛུགས་པའི་ལས་དོན་ལེགས་གྲུབ་བྱུང་བ་དང་འབྲེལ། ཤང་དང་གྲོང་རྡལ་གྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ཆེད་བསྐོས་ལས་བྱེད་པ་1968ལེགས་འདེམས་ཧྲག་སྒྲུག་བྱས་པ་རེད།
   གསར་འགོད་པར་ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། གསར་དུ་བཙུགས་པའི་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་སྒྲིག་ཨུད་ལྟ་ཞིབ་ཁང་གིས་ཤང་དང་གྲོང་རྡལ(ཁྲོམ་གཞུང)ཁག་ཏུ་ཉུང་མཐར་ཡང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་དང་ལྟ་ཞིབ་ཁང་གི་ཀྲུའུ་རེན་གཅིག་ལྕོགས་གཅིག་དང་། སྒྲིག་བཤེར་ཆེད་བསྐོས་ལས་བྱེད་པ་དང་ལྟ་ཞིབ་པ་གཅིག་ལྕོགས་གཅིག་ནས་གཉིས་བར་བཀོད་སྒྲིག་བྱས་ཡོད་པ་རེད། དེ་དང་ཆབས་ཅིག ཤང་དང་གྲོང་རྡལ་ཁག་གཅིག་གི་སྒྲིག་ཨུད་ལྟ་ཞིབ་ཁང་གི་འགན་འཁྲི་ཁ་གསལ་མེད་པ་དང་ལས་འགན་སྒྲུབ་སེམས་ཆེན་པོ་མེད་པའི་གནད་དོན་ལ་དམིགས་ནས། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་གིས་ས་ཆ་དངོས་སུ་མཛུབ་ཁྲིད་བྱས་པ་དང་འབྲེལ་ཡོད་རྫོང(ཆུས)སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལ་ཚན་ཁག་ཁོངས་མིས་ཤང་དང་གྲོང་རྡལ་གྱི་སྒྲིག་ཨུད་ལྟ་ཞིབ་ཁང་དང་འབྲེལ་གཏུག་བྱེད་པའི་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་བ་རེད།
   ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས་ལྟ་སྐུལ་ཞིབ་བཤེར་དང་ཆེད་དོན་བརྟག་ཞིབ་ལ་བརྟེན་ནས་དུས་ཚོད་གཏན་འཁེལ་ནང་ཤང་དང་གྲོང་རྡལ་གྱི་སྒྲིག་ཨུད་ལྟ་ཞིབ་ཁང་གི་ལས་དོན་སྤེལ་ཚུལ་ཕྱོཌ་སྡོམ་བྱས་ཏེ། འགན་འཁྲི་ཁ་གསལ་མེད་པ་དང་ལས་འགན་སྒྲུབ་སེམས་ཆེན་པོ་མེད་པ་དང་ལྷག་པར་དུ་ཁུངས་སྣེ་གཅིག་ཀྱང་འཚོལ་ཞིབ་མ་ཐུབ་པའི་སྣང་ཚུལ་ལ་དུས་ཐོག་ཏུ་བརྡ་ཁྱབ་བཏང་ནས་འགན་འཁྲིའི་གནོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།