མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་དང་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་རྣམ་གཉིས་དང་
ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་03ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་3ཚེས་1ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཕོ་ལན་ཕྱོགས་དང་མཉམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། རིམས་ནད་འགོག་བཅོས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག མི་སྣ་འགྲོ་འོང་བརྟན་པོ་དང་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་ཡོང་བ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་ཕྱོགས་ཀྱི་དགོས་མཁོ་གཞིར་བཟུང་། ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་ནང་ཕོ་ལན་ཕྱོགས་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱེད་འདོད་ཡོད། རིམས་ནད་ཐོན་རིང་ཀྲུང་ཕོའི་དབར་ཕར་འགྲོ་ཚུར་འོང་བྱེད་མཁན་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཚད་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
   དེ་ཐོག་ནས་ཀྲུང་ཕོ་དང་། ཀྲུང་ཡོའི་མཁོ་སྤྲོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་ཚད་མཐོའི་ངང་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་པ་མཚོན་ཡོད་ལ། ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་ལ་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་པའང་གསལ་པོར་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སྒྲོམ་གཞིའི་ནང་འབྲེལ་ཡོད་ལམ་སྲོལ་བཙུགས་ནས་ཕོ་ལན་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་དེ་བས་མང་བ་ནང་འདྲེན་ལ་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་ཡོའི་དབར་མ་འཇོག་གྲོས་ཆོད་ཀྱི་གྲོས་མོལ་ལེགས་སྒྲུབ་བྱས་ནས་ཀྲུང་ཕོའི་མཉམ་ལས་ལ་དེ་བས་ཡངས་པའི་བར་མཐོངས་གཏོད་རྒྱུ་ཡིན།
   ཏུའུ་ཏ་ཡིས་བརྗོད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ལ་བརྩི་བར་ཤུགས་སྣོན་རྒྱག་པའི་ཞལ་བཞེས་གནང་བར་ཕོ་ལན་ཕྱོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱ་རྒྱུ་མ་ཟད། ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ཀྱང་བྱེད་འདོད་ཡོད། དེ་ཐོག་ནས་ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་འགན་འཁྲི་འཁུར་ཕོད་པའི་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་ར་སྤྲོད་ཐུབ་ཡོད། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རིམས་འགོག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་རིམས་ནད་འགོག་རྒོལ་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་མི་སྣ་འགྲོ་འོང་དང་མཉམ་ལས་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་ཉོ་ཚོང་དོ་སྙོམས་ངང་འཕར་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་3ཚེས་1ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུས་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་ཞིག་རེད། ཀྲུང་གོས་འགོ་འཛུགས་ས་དེ་བས་མཐོ་བར་བརྟེན་་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་སྟེ་ཀྲུང་ཐའི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་གོ་སྐབས་གསར་པ་གཏོད་རྒྱུ་ཡིན། ཕྱོགས་གཉིས་པོས་དཔལ་འབྱོར་ཉོ་ཚོང་དང་། མ་འཇོག ཞིང་ལས། མཉམ་སྦྲེལ་མཉམ་མཐུད། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཅིག་འདོམས་སྐུལ་འདེད་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་རྣམས་གྲངས་འཛུགས་སྐྲུན་ལ་གཞན་གྱི་སྔོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁྲོམ་རའི་དགོས་མཁོ་དང་མཐུན་པའི་ཐ་ཇིག་སི་ཐན་ཕྱོགས་ཀྱི་སྤུས་ལེགས་ཞིང་ལས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱེད་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་ལ་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱས་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་ཀྱང་གཏོང་འདོད་ཡོད།
   ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་20འཁོར་བའི་ལོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། ཐ་ཇིག་སི་ཐན་ཕྱོགས་དང་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འགོ་འཛུགས་ས་གསར་པའི་ཐོག་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།
   ལཱ་ཧོ་མོང་གིས་བརྗོད་དོན། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་ལ་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྱིམ་མཚེས་མཛའ་གྲོགས་འབྲེལ་བའི་དགོངས་དོན་ལ་མུ་མཐུད་གཞིགས་པ་དང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར་ཉོ་ཚོང་། བདེ་འཇགས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་བ། རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཐ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་གསར་པ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

  
style="display:none;"