འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་2ཉིན།

༄༅།།ཧྥ་རན་སིའི་ཙུང་ཐུང་ཟུར་པ་སཱ་ཁོ་ཆི་ལ་དུས་བཙོན་ལོ་གསུམ་གྱི་ཁྲིམས་ཆད་བཅད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་02ཉིན། 15:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཧྥ་རན་སིའི་ཙུང་ཐུང་ཟུར་པ་སཱ་ཁོ་ཆི་ལ་དུས་བཙོན་ལོ་གསུམ་གྱི་ཁྲིམས་ཆད་བཅད།
   མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་1ཉིན། ཧྥ་རན་སེའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཧྥ་རན་སིའི་ཕ་རི་སིའི་བྱས་ཉེས་ཡང་བའི་ཁྲིམས་ཁང་གིས་ཉིན་དེར་ཙུང་ཐུང་ཟུར་པ་སཱ་ཁོ་ཆི་ལ“རུལ་སུངས་”དང་“དབང་ཆར་བརྟེན་ནས་སྒེར་ཕན་སྒྲུབ་པའི”ཉེས་མིང་ཡོད་པའི་བཅད་ཁྲ་བཏང་ནས་དུས་བཙོན་ལོ་3གྱི་ཁྲིམས་ཆད་བཅད་ཅིང་། ལོ་1དངོས་སུ་ཉེས་ཆད་འཁུར་དགོས་པ་ཚུད་ཡོད།
   གནས་ཚུལ་སྤེལ་བར་གཞིགས་ན། གྱོད་གཞིའི་འདྲི་གཅོད་གཙོ་བོའི་ཁྲིམས་དཔོན་ཁེ་ལི་སི་ཏི་ན·མའེ་ཡིས་ཉིན་དེར་སཱ་ཁོ་ཆིས“ཁོ་རང་གི་ཐོབ་ཐང་དང་དེ་བཞིན་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཤུགས་རྐྱེན་ལ་བརྟེན་ནས་ཁྲིམས་དཔོན་བསླུ་བྲིད་བྱས་ཏེ་མི་སྒེར་གྱི་ཁེ་ཕན་དོན་གཉེར་བྱས་པའི”བྱ་སྤྱོད་ཀྱི་ངོ་བོ“ཧ་ཅང་ཚབས་ཆེན་པོ་”ཡོད་པ་བསྟན།
   སཱ་ཁོ་ཆི་ནི་2007ལོ་ནས་2012ལོའི་བར་ཧྥ་རན་སིའི་ཙུང་ཐུང་གི་འགན་བཞེས་པ་རེད། 2013ལོའི་ཟླ་3པར། སཱ་ཁོ་ཆི་ནི་2007ལོར་ཙུང་ཐུང་འདེམས་བསྐོ་ཆེ་མོ་སྐབས་སུ་ཨའོ་ལེ་ཡ་མཐུན་ཚོགས་ཀྱི་རྒྱུད་འཛིན་པ་བུད་མེད་ལི་ལི་ཡ་ནཱ·པའེ་ཏཱ་ཀུའུ་ན་ལི་ནས་དངུལ་སྨར་འབོར་ཆེན་བླངས་པའི་དོགས་ཡོད་ཉེས་འཛུགས་བྱས། 2013ལོའི་ཟླ་10པར། ཁྲིམས་ཁང་གིས་ཉེས་འཛུགས་ཕྱིར་འཐེན་བྱས་པ་རེད། ཡིན་ནའང་། རྟོག་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་ཁུངས་སྣེ་གཞན་དག་རྙེད་པས། གྱོད་མཇུག་ད་དུང་སྒྲིལ་མེད། 
   གྱོད་གཞིར་སྔར་བས་རྟོག་ཞིབ་བྱས་པའི་མཇུག་འབྲས་ལས་མངོན་པར། ཨའེ་ཙའོ་ཀེ་ཡིས་དེ་སྔོན་སྐབས་དེར་འགན་འཁུར་བཞིན་པའི་མཐོ་རིམ་ཁྲིམས་དཔོན་ཨ་ཆི་པེ་ཏའོ་ཚི་དང་ཁ་བརྡ་བྱེད་དུས། པའེ་ཏང་ཀུའུ་གྱོད་གཞིའི་སྐོར་བཤད་ཡོད་པ་དང་། སྐད་ཆ་དེ་དག་སྒྲ་ཕབ་བྱས་ནས་ཉར་ཚགས་བྱས་ཡོད།
   ཞིབ་དཔྱོད་ཕྱོགས་ཀྱིས་སྒྲ་ཕབ་བདེན་དཔང་ནས་ཚོད་དཔག་བྱས་དོན། སཱ་ཁོ་ཆི་ཡིས་ཨ་ཆི་པེ་ལ་གོ་གནས་སྤར་རྒྱུ་ཁས་ལེན་བྱས་པ་དང་། དེའི་ཆ་རྐྱེན་ནི་དེས་པའེ་ཏ་ཀུའུ་ཡི་གྱོད་གཞིའི“ནང་ཁུལ་གྱི་ཆ་འཕྲིན”མཁོ་འདོན་བྱེད་དུ་བཅུག་ཡོད་པ་དེ་རེད།
   ཧྥ་རན་སིའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། སཱ་ཁོ་ཆིས་ཁྲིམས་ཁང་གི་ཁྲིམས་ཐག་བཅད་རྗེས་ཀྱི་ཉིན་10ནང་ཚུན་དུ་གོང་ལ་ཞུ་གཏུག་བྱས་ཆོག་གི་ཡོད།
༄༅།།ཧྥ་རན་སིའི་ཙུང་ཐུང་ཟུར་པ་སཱ་ཁོ་ཆི་ལ་དུས་བཙོན་ལོ་གསུམ་གྱི་ཁྲིམས་ཆད་བཅད།