འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་2ཉིན།

༄༅།།ཀྲུང་གོའི་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཐོག་རྒྱལ་སྤྱིའི་མཉམ་
ལས་དང་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་འབོད་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་02ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་46པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁྲུའུ་དང་སུའེ་ཙེར་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཁྲེན་ཤུས་ཀྱིས། ཚེས་26ཉིན་ཨུ་རུ་སུ་དང་། ཁུ་པ། ཕ་ཁི་སི་ཐན། ལྷོ་ཨ་ཧྥེ་རི་ཁ། ཧིན་རྡུ་ཉི་ཞི་ཡ། སོ་ཏི་ཨ་རབ། ཨེ་ཅིབ་སོགས་ལྟ་བ་འདྲ་མཚུངས་ཀྱི་རྒྱལ་ཁབ་32དང་མཉམ་དུ་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་མཉམ་ལས་དང་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་བརྒྱབ་སྟེ། འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་དོན་གཅོད་ཁྲུའུ་ཡིས་དགེ་མཚན་ལྡན་པའི་གླེང་མོལ་དང་འབྲེལ་གཏུག་ལ་སྐུལ་མ་བཏང་ནས་རང་འཁྲིའི་འགན་དབང་ལུཌ་མཐུན་དང་གཞུང་དྲང་ངང་བསྒྲུབ་རྒྱུའི་རེ་འབོད་བྱས་པ་རེད།
   ཁྲེན་ཤུས་ཀྱིས། མིག་སྔར་ཏོག་གསར་གློ་ཚད་ཀྱི་རིམས་ནད་གོ་ལ་ཧྲིལ་པོར་མཆེད་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་གི་དབང་ཆ་དང་བདེ་ཐང་གི་དབང་ཆར་འཇིགས་སྐུལ་ཕོག་ཡོད་ལ། རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་། སྤྱི་ཚོགས། དམངས་འཚོ་བཅས་ལའང་ཤུགས་རྐྱེན་ཚབས་ཆེན་བཟོས་པས། འདྲ་མཉམ་མེད་པའི་སྣང་ཚུལ་ཚབས་ཆེར་ཕྱིན་པ་དང་ལས་སླ་པོར་བྱུང་བ་ཞིག་མིན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་འགོག་རྐྱེན་ཆེན་པོ་ཕྲད་ཡོད། རྒྱལ་ཁབ་ལ་ལར་རིགས་རྒྱུད་རིང་ལུགས་དང་། རིགས་རྒྱུད་མཐོང་ཆུང་། ཕྱི་རྒྱལ་ལ་སྡང་པོ་བྱེད་པ་བཅས་ཀྱི་བསམ་བློ་དང་དེ་དང་འབྲེལ་བའི་བཟོད་སྒོམ་མི་བྱེད་པའི་བྱ་སྤྱོད་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་པས་ང་ཚོས་དེར་དོ་ཁུར་ཟབ་མོ་བྱེད་ཀྱི་ཡོད་ཅེས་བརྗོད།
   ཁྲེན་ཤུས་ཀྱིས། ང་ཚོས་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་མཉམ་ལས་དང་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་རྒྱག་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱིས་གོ་ལ་ཧྲིལ་པོར་མཐུན་སྦྱོར་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐད་རྩ་བའི་རང་བཞིན་གྱི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་པའི་རེ་འབོད་བྱེད་ཀྱི་ཡོད། ཉམས་ཉེས་དེའི་ནང་དུས་ཡུན་རིང་པོའི་ནང་ཕྱོགས་མང་གི་འགྲོ་བ་མིའི་ཐོབ་ཐང་སྒྲིག་གཞིས་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆའི་ཐད་མ་དངུལ་གཏོང་ཤུགས་ཚབས་ཆེན་མི་འདང་བ་དང་རྒྱལ་ཁབ་ནང་ཁུལ་དང་རྒྱལ་ཁབ་དབར་འདྲ་མཉམ་མེད་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་མངོན་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ནང་དང་རྒྱལ་ཁབ་དབར་འདྲ་མཉམ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ལ་མཐོང་ཆེན་དང་། དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ། ཉམས་ཞན་ཚོགས་སྤྱིའི་དབང་ཆ་བཅས་ལ་འགན་ལེན། རིགས་རྒྱུད་རིང་ལུགས་དང་རིགས་རྒྱུད་མཐོང་ཆུང་ལ་ངོ་རྒོལ་སོགས་ཀྱི་ཁྱབ་ཁོངས་ལ་མ་དངུལ་གཏོང་ཚད་མང་དུ་གཏོང་བའི་རེ་འབོད་བྱེད་ཀྱི་ཡིན་ལ། ང་ཚོར་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་དང་དོན་གཅོད་ཁྲུའུ་ཡིས་དེ་དག་ལ་ངོ་བོའི་རང་བཞིན་གྱི་བྱེད་ཐབས་སྤྱོད་པའི་རེ་བའང་ཡོད་ཅེས་བརྗོད།
   ཁྲེན་ཤུས་ཀྱིས། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་དོན་གཅོད་ཁྲུའུ་ཡིས་དགེ་མཚན་ལྡན་པའི་གླེང་མོལ་དང་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཚོགས་མིའི་རྒྱལ་ཁབ་ཀྱི་ཡིད་ཆེས་དང་མཉམ་ལས་འཐོབ་པར་བྱས་ཏེ། དྲང་གཞག་ངང་རང་ངོས་ཀྱི་དབང་ཆ་སྒྲུབ་པ་དང་སྙན་ཞུ་འབྲི་སྐབས་རྒྱལ་ཁབ་ཁག་གིས་མཁོ་འདོན་བྱས་པའི་ཆ་འཕྲིན་འོས་འཚམ་ངང་མཚོན་པར་བྱེད་པ་དང་ཆབས་ཅིག་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་དོན་གཅོད་ཁྲུའུ་ཡི་སྙན་ཞུར་དཔྱད་གཏམ་སྤེལ་བ་ཁྱབ་བསྒྲགས་ཀྱང་བྱེད་དགོས་ཞེས་བརྗོད།